བེད་སྤྱོད་སྐབས་ཀྱི་ཐུགས་སྣང་།

 

བེད་སྤྱོད་སྐབས་ཀྱི་ཐུགས་སྣང་།

༧ བཀུར་བར་འོས་པའི་(བོན་གྱི་དྲིས་ལན་དྲ་མཛོད) ཀྱི་ཀློག་པ་པོ་ཡོངས་ལ་ཞུ་གསོལ།

གལ་སྲིད་སྐུ་ཉིད་ནས་ང་ཚོའི་དྲ་བའི་རྩོམ་རིག་གང་ཞིག་ལ་དགོངས་ཚུལ་དང་མཆན་སྤེལ་གནང་བར་དགའ་བསུ་ཞུ་རྒྱུ་ཡིན། འོན་ཀྱང་ང་ཚོའི་དྲ་བ་ཡུན་གནས་དང་རྒྱལ་ཕྱི་ནང་གང་ལ་བཞུགས་པའི་བློ་གསལ་ཤེས་ལྡན་ཚང་མའི་ཆེད་དུ་ཡིན་རྩང་། ཆབ་སྲིད་དང་འབྲེལ་བའི་དགོངས་ཚུལ་རིགས་ནམ་ཡང་མི་སྤེལ་རོགས་ཞུ། དེ་བཞིན་དུས་རབས་ཉེར་གཅིག་པའི་གོ་ལ་འདི་ནི་འཆམ་མཐུན་དང་ཞི་བདེའི་དུས་རབས་ཞིག་ཏུ་ང་ཚོ་ཚང་མས་དཔུང་པ་མཉམ་འདེགས་ཀྱིས་བསྐྲུན་དགོས་སྟབས། ཆོས་ལུགས་ཕན་ཚུན་བར་རྩོད་རྙོག་དང་། དེ་བཞིན་ཆོལ་ཁའི་ཕྱོགས་འཐེན། མི་བུ་སྒེར་པ་ལ་སྐྱོན་འཛུག་སོགས་རིགས་ཀྱི་རྩོམ་ཡིག་དང་དགོངས་ཚུལ་རྣམས་ང་ཚོས་ནམ་ཡང་ངོས་ལེན་ཞུ་མི་ཐུབ་པས་དེ་ལུགས་ཚང་མས་དགོངས་དབྱིངས་སུ་མངའ་བར་མཁྱེན། ཞུ།

རྩོམ་ཡིག་ལ་གཟིགས་སྟངས། 

རྩོམ་ཡིག་གསར་པ་རྣམས་དྲ་བའི་མདུན་ངོས་ནས་ཐོག་བབ་ཚུལ་དུ་གཟིགས་ཐུབ་པ་དང་། སྡེ་ཚན་སོ་སོའི་རྩོམ་ཡིག་གསར་ཤོས་བཅུ་རེ་དྲ་བའི་གཡས་གཡོན་སྡེ་ཚན་ཁག་ནས་གཟིགས་ཐུབ་ཀྱང་། དེ་ལས་མང་བའི་རྩོམ་ཡིག་རིགས་གཟིགས་འདོད་ཡོད་ཚེ་གོང་གི་དཀར་ཆག་ནས་ཕེབས་དགོས།

བོན་གྱི་དྲིས་ལན་དྲ་མཛོད་དམ་ཡང་ན་དེ་འབྲེལ་གྱི་རྩོམ་ཡིག་བྱེ་བྲག་གམ་གནད་ཡོད་ཐ་སྙད་རིགས་འཚོལ་དགོས་ཚེ་སྐུ་ཉིད་ཀྱི་གཡས་ཕྱོགས་གོང་སྟེང་དཀར་ཆག་གི་མཇུག་ཏུ་འཆར་བའི་འཚོལ་བཤེར་གུར་རྟགས་ནང་འཚོལ་ཚིག་འབྲི་སྟེ་འཚོལ་ན། གལ་ཏེ་ཁྱེད་ལ་དགོས་པའི་རྩོམ་ཡིག་གམ་ཐ་སྙད་རིགས་ངེད་ཚོའི་དྲ་བའི་ནང་ཡོད་ཚེ་སྐུ་ཉིད་ཀྱིས་བདེ་བླག་ངང་རྙེད་ཐུབ།

དགོངས་ཚུལ་ལམ་མཆན་སྤེལ་སྟངས། གཤམ་གསལ་འདི་རྣམས་ངེས་པར་དུ་བསྐོང་དགོས། 

དཔྱད་མཚན། * ཞེས་པའི་ནང་ཁྱེད་ཀྱི་དགོངས་ཚུལ་ཕྲིས།

རུས་མིང་། * ཞེས་པའི་ནང་ཁྱེད་ཀྱི་མཚན་དངོས་སམ་ཡང་ན་སྨྱུག་མིང་གང་སྤྱད་ཀྱང་ཆོག

གློག་འཕྲིན། * ཞེས་པའི་ནང་གལ་སྲིད་སྐུ་ཉིད་ལ་མྱུར་འཕྲིན་ཁ་བྱང་ lhashen@gmail.com ཡང་ན། lhashen@yahoo.com ཡང་ན། lhashen@hotmail.com ཡང་ན།1234567892@qq.com སོགས་ལྟ་བུའི་དངོས་གནས་ཡོད་ན་དེ་འཇུག་དགོས། གལ་སྲིད་ཁྱེད་ལ་མྱུར་འཕྲིན་ཞལ་བྱང་མེད་ནའང་སྐྱོན་མེད་པར་དཔེར་ན། @gmail.com ཡང་ན། @yahoo.com ཡང་ན། @hotmail.com ཡང་ན། @qq.com དབྱིན་ཡིག་འདི་ཚོའི་གོང་དུ་ཁྱེད་ཀྱིས་དབྱིན་ཡིག་གང་ཞིག་འབྲི་ཡང་ཆོག འོན་ཀྱང་མྱུར་འཕྲིན་གྱི་ཞལ་བྱང་དངོས་ཡོད་མཁན་ཚོས་ངེས་པར་དུ་རང་གི་མྱུར་འཕྲིན་སྤྱོད་རོགས། འདི་ནི་རང་གཞན་གཉིས་ཀའི་བདེ་འཇགས་དང་སྤྱི་ཚོགས་ཀྱི་འགན་དབང་དང་ལེན་གནང་བར་མཚོན་གྱིན་ཡོད།

ཅེས་(བོན་གྱི་དྲིས་ལན་དྲ་མཛོད་)ཀྱི་རྩོམ་སྒྲིག་ཁང་ནས་ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༢༢ ཉིན་ཕུལ།།