དཀྱིལ་འཁོར་ཞེས་པའི་དོན་གང་ཡིན་ནམ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། གུང་སངས།
ལན། སྤྱིར་དཀྱིལ་འཁོར་ལའང་ནང་སེམས་ཉིད་ཀྱི་དཀྱིལ་འཁོར་དང་། ཕྱི་རྫས་ཀྱི་དཀྱིལ་འཁོར་སོགས་སྐབས་བབ་བཤད་སྟངས་མི་འདྲ་བ་མང་ཡང་། ངོ་བོ་ངེས་ཚིག་སོགས་ཡེ་ཁྲི་ལས་གསུངས་པ་ལྟར་ནི། ངོ་བོ་རིག་པའི་སེམས་དཀྱིལ་དུ། །ཁམས་གསུམ་སྲིད་གསུམ་ཀུན་འཁོར་བས། །མི་འཕྱུག་ངོ་བོ་ཤེས་པར་བྱ། །ངེས་ཚིག་ཚོམ་བུ་ཉི་ཤུ་ལྔ། །ལྷ་ཚོགས་བསྐོར་ཞིང་དཀྱིལ་དུ་འཁོར། །གཅིག་དཀྱིལ་འཁོར་བས་ངེས་པའོ། །ཞེས་པ་ལྟར་ཡིན་ནོ།། །།
110600cookie-checkདཀྱིལ་འཁོར་ཞེས་པའི་དོན་གང་ཡིན་ནམ།