བོན་གྱི་དྲིས་ལན་དྲ་མཛོད།

རྩོམ་བྲིས་པ།  ཨ་ཀྲོང་རིན་རྒྱལ་སོགས། དྲི་བ་གཏོང་མཁན། གྱེར་རྩ་ཆུང་ཆུང་། དྲི་བ། དཔེ་གཞུང་འགའ་ལས་"སད་དོ" དང་ "སྤུངས་སོ་" ཟེར་བ་དེ་ཡང་ཡང་ཐོན་བཞིན་འདུག་པས། དེ་དག་སྐད་རིགས་སུ་ཞིག་དང་དེ་དག་གི་དོན་གང་ཡིན་གསུངས་རོགས། ལན། དེ་དག་ནི་ཞང་སྐད་དང་རྟགས་གཟིགས་ཀྱི་སྐད་སོགས་ཅི་རིགས་ཡོད་ལ། དེ་འང་གཞུང་ལས། "སད་དོ་སྤུངས་སོ་ཧྲུན་ནོ། ཞེས་པ་སད་དོ་ཞེས་པ་ལྷ་སྟེ། འཇིག་རྟེན་ལས་འདས་པ་ཡེ་ཤེས་ཀྱི་ལྷ་རྒྱུད་ཞི་གནས་ཀྱིས་བརླན་པ་ཐུགས་ཉིད་ཉེས་པའི་སྐྱོན་དང་བྲལ་བ་ཡོན་ཏན་གྱི་ཕུང་པོར་གནས་པ་དེ་དང་། སྤུངས་སོ། ཞེས་པས་སྟོན་པ་སྟེ། སྤྱིར་ལམ་གྱི་ ...
རྩོམ་བྲིས་པ།  ཁྱུང་ཐོག་རྒོད། དྲི་བ། བོན་གཞུང་ལས་ཆབ་དཀར་དྲག་པོ་སྔགས་དང་། ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་སོགས་གསུངས་པའི་ཆབ་དཀར་དང་ཆབ་ནག་གི་གོ་དོན་གང་ཡིན་ནམ།  ལན། ཆབ་དཀར་དང་ཆབ་ནག་གི་ཚིག་འགྲེལ་ལ་མཛད་མདོ་འབྲིང་པོ་ལས། " ཆབ་ནི་བདུད་རྩི་གྲུབ་པ་ལ། དཀར་ནི་སྐྱོན་མེད་རྫོགས་པའོ། །" ཞེས་གསུང་དང་། " ཆབ་ནི་འགྲོ་བ་གསོ་བ་ལ། ནག་ནི་མི་འགྱུར་ཆེན་པོའོ། །" ཞེས་གསུངས་སོ།། ...
རྩོམ་བྲིས་པ།  དགེ་གཡུ་བྱ་ཁུ་བྱུག དྲི་བ་གཏོང་མཁན། ཐེ་ཚོམ་བཀའ་དྲི་ཞུ་མཁན། དྲི་བ། བོན་སྐུ་མེ་ཞལ་རྫིང་རིང་ཞེས་པའི་དོན་གང་ཡིན་ནམ།  ལན། མེ་ཞལ་ནི་ནམ་མཁའི་མངོན་བརྗོད་ཡིན་པས་བོན་སྐུ་ལ་མཚན་མའི་ཞལ་མེད་པས་ན་མཚན་མེད་ནམ་མཁའི་ཞལ་ཞེས་དགོས་པར་སེམས་སོ།། །། ...
རྩོམ་བྲིས་པ།  རྩོམ་སྒྲིག་པ། དྲི་བ་གཏོང་མཁན། དགེ་རྔུལ་རྫའི་ཆུ་གཏེར། དྲི་བ། ཕྱྭ་དང་། ཚེ། གཡང་གསུམ་གྱི་ཁྱད་པར་འབྱེད་ཚུལ་དང་དེ་དག་གི་འབྲེལ་བའི་དཔེ་རྒྱུད་སོགས་གསུང་རོགས། ལན། ཐ་སྙད་དེ་དག་ནི་མི་ལོ་ཁྲི་སྟོང་མང་པོར་བརྒྱུད་ནས་འོང་བ་ཤ་སྟག་ཡིན་རྩང་འདི་དང་དེ་ཞེས་ཁ་ཚོན་གཅོད་ནས་བཤད་དཀའ་ཡང་དེ་དག་དང་འབྲེལ་བའི་བོན་གྱི་གཞུང་རྣམས་སུ་དཔྱད་པ་ཅུང་ཙམ་རེ་བྱ་ན། ཕྱྭ་ཞེས་པའི་སྐོར། སྤྱིར་བཏང་ཐ་སྙད་འདིར་ཕྱྭ་དང་ཕྱ་གཉིས་སུ་འདུག་ལ། མཁས་པ་ལ་ལས་དེ་གཉིས་ཀྱི་གོ་དོན་མི་འདྲ་བ་རེ་ཡོད་ཚུལ་སོགས་གསུང་གིན་འདུག་མོད། འོན་ཀྱང་ཏུན་ཧོང་ཡིག་རྙི ...
རྩོམ་བྲིས་པ།  རྩོམ་སྒྲིག་པ། དྲི་བ་གཏོང་མཁན། དགེ་བདག་མེད་འཇག་སྐྱ། དྲི་བ། བོད་ཀྱི་བློན་པོ་མང་པོའི་མཚན་མཚན་ཟུར་ལ། ལོད། བཞེར། ཟེར་བ་འདུག་པས་དེའི་གོ་དོན་གང་ཡོད་དམ། སྣང་བཞེར་ལོད་པོ་ཟེར་བའི་བཞེར་དང་ལོད་པོའི་དོན་གང་ཡིན་ནམ།  ལན། བོན་དང་འབྲེལ་བའི་མིང་ཚིག་མང་པོ་ཞིག་གི་བྱུང་ཁུངས་ནི་ཞང་སྐད་ཡིན་སྟབས་ཚིག་འདི་གཉིས་པོའི་ཁུངས་ཞང་སྐད་དུ་འཚོལ་ཐབས་ལ་འབད་ན། བོན་གཞུང་ལས་བྱུང་བའི་ཞང་ཚིག་ཐད་ཕྱི་རྒྱལ་མི་སྣས་ཞིབ་འཇུག་བྱས་པ་རྣམས་ཀྱི་ནང་ནས་ཞིབ་ཚག་ཤོས་ཅིག་ནི་མཁས་དབང་། ཌན། མར་ཊིན། (Dan Martin) ལགས་ཀྱི་<ཞང་ཞུང་ཚིག་མཛོད་> ...
རྩོམ་བྲིས་པ།  རྩོམ་སྒྲིག་པ། དྲི་བ་གཏོང་མཁན། དྭང་ར་བ། དྲི་བ། བོད་ཀྱི་ཡུལ་ལ་བོནད་ཡུལ་ཅེས་འབོད་ཀྱིན་ཡོད་ཀྱང་། ཕྱིས་སུ་བོད་ཅེས་རྗེས་འཇུག་ན་དེ་བསུབ་མཁན་སུ་དང་དུས་རབས་གང་དུ་ཡིན། ལན། བོན་གྱི་རྒྱལ་རབས་ལོ་རྒྱུས་ཁུངས་མ་རྣམས་སུ་”བོནད་ཡུལ”་ཞེས་བྲིས་ཡོད་པ་ད་བར་གསལ་གསལ་པོར་མ་མཇལ། འོན་ཀྱང་ཡིག་རྙིང་འགར་གཞན་ལ་གདམས་ངག་སྟོན་པར་”བོནད” ཞེས་བྲིས་ཡོད་པ་ནི་མཇལ་ཐུབ་པ་ཞིག་རེད། དེ་བཞིན་དུ་ཏུན་ཧོང་ནས་ཐོན་པའི་བཙན་པོའི་སྐབས་ཀྱི་དོན་ཆེན་གནད་བསྡུས་སུ་བཀོད་པའི་ཡིག་ཆ་སོགས་ལས། "བཙན་པོ་མཙན་ཁྲྀ་སྲོང་ལྡེ་བརྩན་དུ་བོནད།” ཞེས་སོགས་གསུང ...
རྩོམ་བྲིས་པ།  རྩོམ་སྒྲིག་པ། དྲི་བ་གཏོང་མཁན། བོན་བུ། མདོ་སྔགས་ཟུང་འབྲེལ་དང་མདོ་སྔགས་ཟུང་སྦྲེལ་འབྲི་སྟངས་གཉིས་གང་དག་པ་ཡིན་ནམ། འབྲེལ་འབྲི་ན་འབྲེལ་བ་ཞིག་ལ་གོ་དགོས་པས་བདག་གཅིག་འབྲེལ་དང་དེ་བྱུང་འབྲེལ་གཉིས་གང་རུང་དུ་འགྱུར་བའི་སྐྱོན་མི་འོང་ངམ། བདག་གཅིག་འབྲེལ་ཡིན་ན་མདོ་སྔགས་གཉིས་རང་བཞིན་གཅིག་ཡིན་དགོས་པ་དང་། དེ་བྱུང་འབྲེལ་ཡིན་ན་མདོ་སྔགས་གཉིས་རྒྱུ་འབྲས་ཡིན་དགོས་པས་འདིའི་སྐོར་ལ་དོགས་སེལ་ཞིག་ཡོད་པ་ཞུ། ། མཁྱེན་དཔྱོད་ལྡན་པ་བོན་བུ་ལགས། སྤྱིར་བཏང་ཐེག་ཆེན་གཡུང་དྲུང་བོན་གྱི་ལས་རྟགས་སོགས་སུ་ ''མདོ་སྔགས་ཟུང་འབྲེལ་ཐེ ...
རྩོམ་བྲིས་པ།  དགེ་སྲིད་པའི་མིག [su_row] [su_column size="1/3"] ཚོགས་གཉིས། ༡རྒྱུ་བསོད་ནམས་ཀྱི་ཚོགས་དང་། ༢འབྲས་བུ་ཡེ་ཤེས་ཀྱི་ཚོགས་སོ།། གཟིགས་ཚད་ལྔ། ༡ཞིང་ཁམས་ལ་གཟིགས་པ། ༢གདུལ་བྱ་ལ་གཟིགས་པ། ༣གླིང་ལ་གཟིགས་པ། ༤འཁོར་ལ་གཟིགག་པ། ༥རིགས་ལ་གཟིགས་པའོ།། དགོངས་ཚད་ལྔ། ༡ཡུལ་ལ་དགོངས་པ། ༢མཁར་ལ་དགོངས་པ། ༣ནོར་ལ་དགོངས་པ། ༤ཡབ་ལ་དགོངས་པ། ༥ཡུམ་ལ་དགོངས་པའོ།། ལྷ་གཤེན་སྲིད་པ། ༡ལྷ་གཤེན་ལྷ་འོད་དཀར། ༣གཤེན་གཏོ་རྒྱལ་ཡེ་མཁྱེན། ༢སྲིད་པ་སངས་པོ་འབུམ་ཁྲིའོ།། ཡབ་ཡུམ། ༡ཡབ་སངས་པོ་འབུམ་ཁྲིའི་རྣམ་རོལ་དམུ་རིགས་འཕྲུལ་གྱི་རྒྱལ་པོ་རྒྱལ་བོན་ཐ ...
རྩོམ་བྲིས་པ།  རྩོམ་སྒྲིག་པ། དྲི་བ་འདོན་མཁན། ལྡོང་སྐྱ་ལི། ཞང་སྐད་དུ་བཀྲིས་རྟགས་བརྒྱད་ལ་ཐད་ཀར་བརྡ་སྤྲོད་ཀྱི་གཞུང་ལྟ་བུའི་ཁེར་ཚིག་རེ་རེ་མ་མཇལ་ཡང་། བོན་གཞུང་བྱམས་མ་དང་མ་རྒྱུད་རྣམས་ནས་རྟགས་བརྒྱད་ཀྱི་མཆོད་འབུལ་སྐབས་སུ་ཞང་ཚིག་གང་གསལ་བ་རྣམས་འདིར་དྲང་ན། པདྨ། མ་མ་ཞི་ཞི་ནེ་ར་སད་སྭཧཱ། བུམ་པ། མ་མ་དི་རོ་ཏིང་ནམ་སད་སྭཧཱ། གསེར་ཉ། མ་མ་སྐྱེ་ཙ་ཏིང་ནམ་སད་སྭཧཱ། རྒྱལ་མཚན། མ་མ་ཡེ་ཡེ་ཞི་སད་སྭཧཱ། དུང་དཀར། མ་མ་ལྷང་ལྷང་མུ་ཨུན་སད་སྭཧཱ། དཔལ་བེའུ། མ་མ་ཨ་དཀར་ཤ་ཡ་སད་སྭཧཱ། འཁོར་ལོ། མ་མ་ཨ་ནི་ཙཀྲ་སད་སྭཧཱ། གདུགས་དཀར། མ་མ་གུ་རེ་ཤན་ཏ ...
རྩོམ་བྲིས་པ།  འབུམ་རམས་མ་གཟི་གཡང་། སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་ཞེས་པའི་མཚན་གྱི་འབྲུ་བཤད་དང་དེའི་འབྲེལ་བའི་སྐོར། མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་གྱི་ལུགས་ལ།  བསྐལ་བཟང་སྒྲོན་མེའི་བསྐལ་པར་བྱོན་པའི་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་དང་རྩ་གཉིས་ཀྱི་ནང་ནས་ཚེ་ལོ་འབུམ་པ་ནས་བཅུ་པའི་བར་གྱི་ཆེད་དུ་བྱ་བའི་གདུལ་བྱ་འདུལ་བའི་རྣམ་འདྲེན་གྱི་སྟོན་པ་དགུ་ལ་སྟོན་པ་རབ་དགུ་ཞེས་བརྗོད།   དེ་ཡང་སྣང་བ་རང་འབྱུང་ཐུགས་རྗེ་ཅན་ཚེ་ལོ་འབུམ་གྱི་སྟོན་པ།འཁོར་བ་ཀུན་འདྲེན་ཚེ་ལོ་བརྒྱད་ཁྲིའི་སྟོན་པ།ཀུན་ཤེས་ཉོན་མོངས་དུ ...
རྩོམ་བྲིས་པ།  རྩོམ་སྒྲིག་པ། དྲི་བ་འདོན་མཁན། གཡུ་བཀྲ། ལན། དེའང་ཉེའུ་འདོན་ཞེས་པ་ནི། ཆུ་ལ་གནས་པའི་སེམས་ཅན་ཉ་སོགས་གཞན་གྱིས་གསོད་རན་ཁར་སྲོག་བླུ་བྱེད་པར་གོ་བ་འདྲ། དེའང་རང་རེའི་དཔེ་གཞུང་རྣམས་སུ། ʼʼ འཅི་སྐྱོབས་སྲོག་བླུའི་ཉེའུ་འདོན། ʼʼ སོགས་གསལ་གྱིན་འདུག་པས་དེས་ན་གོང་ཞུས་ལྟར་ཡིན་པར་སྙམ་ཞུ།། ...
རྩོམ་བྲིས་པ།  གཡུང་དྲུང་བློ་གྲོས། དྲི་བ་འདོན་མཁན། རབ་འཕེལ། ལན། བོན་གྱི་ཆོ་ག་གཡང་སྒྲུབ་དང་ཚེ་སྒྲུབ་ནང་ཕྱྭ་དང་དམུ་ཡད་ཞེས་མང་པོ་ཐོན་ཡོང་གི་འདུག།དེའི་སྐོར་འགྲེལ་མི་འདྲ་བ་འགའ་འདུག ཕྱྭ་ཞེས་པ་དེ་སྲོག་དང་འབྲེལ་བའི་ཚིག་ཞིག་ཡིན་སྐོར་གསུང་མཁན་ཡང་འདུག གཡང་འབོད་གི་སྐབས་སུ་ཕྱྭ་གཡང་དང། ཚེ་སྒྲུབ་ཀྱི་སྐབས་སུ་ཕྱྭ་ཚེ་ཞེས་པ་མང་པོ་འདུག ཕྱྭ་ནི་གཡང་ལ་གོ་བ་མིན་འགྲོ་བསམ་བསམ་ཞིག་འདུག དཔེར་ན་སྐུ་ཡི་ཕྱྭ་ཚེ་བསྡུས་བསྡུས་ནས། སྐུ་ཡི་ཚེ་གཡང་བསྡུས་བསྡུས་ནས། ཟེར་བ་ལྟར་བུ་ཞིག དམུ་ཡད་ཟེར་ན། ཏུན་ཧོང་གི་ཡིག་ཆ་ PT༡༢༦༢ ལྟར་ན། གཤམ་གསལ་ག ...
རྩོམ་བྲིས་པ།  དབྲ་སྟོན་ངག་དབང་བསྐལ་བཟང་བསྟན་པའི་རྒྱལ་མཚན། ༼རྣི༽འདི་ནི་སྲུང་བ་དང་ཚེ་སྒྲུབ་ལ། རྣི། གུ་གུ་ར་ལ་ན་བཏགས། བླ་ཚེ་སྲོག་གསུམ་མཚོན་བྱ་ཡིན་ནོ། ༼རྣྲི༽འདི་ནི་དགྲ་བོ་ལིང་ག་ལ། རྣྲི། གུ་གུ་ནི། ཐུགས་རྗེའི་འདྲེན་བྱེད། ར་དང་ན་དང་ར་བཏགས་གསུམ་བསྒྲལ་བྱའི་བླ་ཡིད་སེམས་གསུམ་མཚོན་ནོ། ༼ནྲི༽འདི་ནི་མཚན་བྱང་ལ། ནྲི། གུ་གུ་ལྷན་ཅིག་སྐྱེས་པའི་ལྷ། ན་རྣམ་པ་ཤེས་པའི་ངོ་བོ། ར་བཏགས་མཉམ་པ་འོང་བའི་བདུད་དུ་མཚོན་ནོ། ༧བསྡུ་བ་གསུམ་ནི། གུ་གུ་ལ་ཡིད་དམ་ལྷ་ཡི་ཐུགས་རྗེ་དང་མཐུ་སྟོབས་བསྡུ། ན་ལ་བླ་ཡོད་སེམས་གསུམ་བསྡུ། ར་བཏགས་ལ་བར་ཆོད་ ...
རྩོམ་བྲིས་པ།  རྩོམ་སྒྲིག་པ། དྲི་བ་འདོན་མཁན། བྲག་ཚེ་དབང་། ལན། བོན་ལུགས་སུ་ཚིག་བཅད་དང་བམ་པོ་སོགས་ལ་བརྩི་ཚུལ་དམིགས་བསལ་བ་རེ་ཡོད་པ་ལྟར་འདིའི་སྐབས་གཤེན་གྱི་མཁྱེན་ཚིག་དང་བོན་གྱི་སྡོམ་ཚིག་གསུངས་པ་རྣམས་ཇི་ལྟར་ཡིན་ཞེ་ན། དྲང་དོན་མུན་སེལ་སྒྲོན་མ་ལས། ʼʼ གཡུང་དྲུང་ཚེག་བར་བདུན་ལ་ཤད་བར་གཅིག །ཤད་པར་བཞི་ལ་ཤོ་ལོ་ཀ་གཅིག །ཤོ་ལོ་ཀ་གསུམ་ལ་མི་ཡི་དག་ཚིག་གཅིག །མི་ཡི་དག་ཚིག་གསུམ་ལ་གཤེན་གྱི་མཁྱེན་ཚིག་གཅིག །གཤེན་གྱི་མཁྱེན་ཚིག་གསུམ་ལ་བོན་གྱི་སྡོམ་ཚིག་གཅིག །བོན་གྱི་སྡོམ་ཚིག་བདུན་ལ་བམ་པོ་གཅིག །བམ་པོ་གཅིག་ལ་ཤོ་ལོ་ཀ་སུམ་བརྒྱ། ། ...
རྩོམ་བྲིས་པ།  ཁྱུང་ཐོག་རྒོད། དྲི་བ་འདོན་མཁན། འཕྲུལ་གྱི་ཡིག་ཚང་། རྗེ་ཡི་འདུལ་འགྲེལ་ལས་གསུངས་པའི་ʼʼ ཟེད་ཤོམ་ ʼʼ ʼʼ གཞེན་འདེབས་ ʼʼ ʼʼ ལོངས་འདོགས་ ʼʼ སོགས་ཀྱི་གོ་དོན་གང་ཡིན་གསུང་རོགས། ལན། རབ་འབྱམས་གསེར་རིའི་ཕྲེང་བ་ཚར་དུ་དངར་བའི་གླེངས་སྟེགས་འདི་ལྟ་བུའི་ནང་ཐོས་བསམ་གྱི་ནར་མ་སོང་བའི་མི་ཞིག་གིས་བསམ་ཚུལ་བཤད་པ་ནི་མ་འོས་པ་ཞིག་ཅི་ལ་མིན། འོན་ཀྱང་རྟོག་གེ་བའི་གདོང་འབག་མཐུག་པོ་གྱོན་བའི་ངས། དེ་རིང་ཚིག་ཉོབ་ཁ་ཤས་ཤིག་ཤོར་སོང་བས་དགོངས་འགལ་མེད་པར་ཞུ། གོང་དུ་ཡིག་རྙིང་ཁག་ལ་ཡོད་པའི་ཚིག་གོ་དཀའ་བའི་རིགས་ཁ་ཤས་ཤིག་དྲི་བའི་ལམ ...
རྩོམ་བྲིས་པ།  རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཤེས་རབ། ལན། དེའི་སྐོར་བོན་གྱི་ལོ་རྒྱུས་སྲིད་པ་ལས་ཀྱི་གཏིང་ཟློག་གི་རྩ་རྒྱུད་ཀུན་གསལ་ཉི་ཟེར་སྒྲོན་མ་ལས། “ ཚེ་ལོ་བཞི་ཁྲི་ཐུབ་དུས་སུ། རྒྱལ་རིགས་དྲ་མ་མངའ་མཛད་ཚེ། དྲུམ་ཤིང་བཅུད་ལ་སྤྱོད་པའི་དུས། འཁོར་བའི་སེམས་ཅན་ཐམས་ཅད་ལ། ཐར་པ་བས་ཀྱང་ལྟུང་བ་མང་། འབྲས་ཟོས་ཉོན་མོངས་ཆགས་པ་སྤྱད། མངལ་སྐྱེས་འབྲས་བུ་བུ་རུ་བྱུང་། ཕྱིར་ལ་བུད་པའི་བུ་ཞེས་བྱ། བུ་ཡིས་ཨ་ཕ་ཨ་མ་སྨྲས། ཕ་མ་རྒྱལ་པོས་འབྲས་བགོས་ཚེ། གཅིག་གིས་རྐུས་པས་གཅིག་གིས་བདམས། རྒྱལ་པོས་ཞ་༼ཞལ༽ལྕེ་ཁྲིམས་ཀྱིས་བཅད། ངས་མ་རྐུས་ཞེས་ཟ ...
རྩོམ་བྲིས་པ།  རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཤེས་རབ། ལན། སྤྱིར་བོན་སྒོ་བཞི་མཛོད་ལྔ་དང་ཐེག་པ་རིམ་དགུའི་གཞུང་རྣམས་སུ་བོན་གྱི་ཐ་སྙད་དམིགས་བསལ་བ་ཇི་སྙེད་ཅིག་ཡོད་ཀྱང་འདིར་ཡིག་ཚོགས་ལ་འཇིགས་ནས་མ་བཀོད། འོན་ཀྱང་མཚན་གཞི་ཙམ་སྨྲོས་ན། གཤེན༵་ཞེས་པ་ནི་རྒྱལ་བ་གཤེན་རབས་མི་བོའི་རུས་སམ་རྒྱུད་པ་ལ་གོ། ཧོས༵་དང་གྱེར༵་ནི་བོན་ཞེས་པ་དང་འདྲ། གསས༵་ནི་ལྷ་ལ་གོ། དམུ༵་ནི་སྟོན་པ་གཤེན་རབ་མི་བོའི་རུས་རྒྱུད་ཡིན། ཕྱྭ་ནི་ཁ་རྗེ་དབང་ཐང་ལྟ་བུར་གོ། སྒྲོན༵་མ༵་ནི་སྒྲོལ་མ་དང་འདྲ། དེ་དང་འདྲ་བར་ཡོངས་གྲགས་དེང་རབས་བོད་ཀྱི་བརྡ་དང་ཐ་སྙད་དང་མི་འདྲ ...
རྩོམ་བྲིས་པ།  ཁྱུང་གསེར་ཞུན། དྲི་བ་འདོན་མཁན། གཤེན་བསྟན་གླེང་སའི་དད་ལྡན། ལན། གྲུབ་མཐའ་ཕན་ཚུན་མཐུན་སྒྲིལ་དགོས་པའི་སྐོར་ཅུང་ཟད་གླེང་བ། ༧ རྒྱལ་ཀུན་ཐུགས་གསང་རི་བོང་འཛིན་པ་ཅན། ། གང་འདུལ་གདུལ་བྱའི་ཡོལ་གོར་མ་འདྲེས་པར། ། སྣ་ཚོགས་ཤར་རྣམས་གཏན་བདེར་རོ་གཅིག་ཏུ། ། གཟིགས་པ་གང་ལ་བདག་ནི་ནམ་ཡང་འདུད། ། ༧ འདི་ན་རབ་འབྱམས་མཁས་མང་ཞལ་ཚིམ་པའི། ། སྔར་མེད་ལེགས་བཤད་གསོལ་ཚིགས་མི་བདོག་ནའང་། ། ཟང་ཟིང་སྤྱི་ཚོགས་སློབ་གསོའི་རྒྱུ་རྐྱེན་ལས། ། ཉེར་མཁོ་སྟབས་བདེའི་ཐུག་པ་ཙམ་ཞིག་ལགས། །  དེ་ནས་སྐབས་ཀྱི་ཞུ་བྱ་དངོས་ལ། མཉམ་མེད་རྒྱལ་བ་གཉིས་ ...
རྩོམ་བྲིས་པ།  རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཤེས་རབ། ལན། ཉེ་ཆར་ཤིན་ཧྭ་དྲ་བའི་ནང་ (བོད་ལྗོངས་མངའ་རིས། གནའ་བོའི་ཞང་ཞུང་གི་ཤེས་རིག་འཚོལ་ཞིབ།) ཞེས་པའི་གནས་ཚུལ་གལ་ཆེན་ཞིག་སྤེལ་འདུག་པར་འདིར་འདྲེན་ན། “ ཞིན་ཧྭ་དྲ་བའི་ལྷ་སར་ཟླ་༡༡པའི་ཚེས་༡༠ལ། གློག་འཕྲིན་བཏང་བར། འཛམ་གླིང་སྒལ་ཚིགས་ཀྱི་ཡང་སྟེང་དུ་བསྔགས་པའི་མངའ་རིས་ནི། རི་བོ་སྟོང་ཕྲག་གི་འདུ་གནས་དང་ཆུ་ཁྲི་འབུམ་གྱི་འབྱུང་ཁུངས་སྟེ། གནའ་བོའི་མངའ་རིས་ས་ཆའི་ཞང་ཞུང་ཤེས་རིག་ལ་འཚོལ་ཞིབ་བྱས། ཞང་ཞུང་ཞེས་པ་ནི་གནའ་བོའི་ཞང་ཞུང་གི་སྐད་སྟེ། ཞང་ཟེར་བ་ནི་རིགས་རུས་ཀྱི་མིང་སྟེ་ཁྱ ...