ལྷ་གར་རྟེན་གསུམ་ཞེས་པ་དེ་དག་གང་དང་གང་ཡིན།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། མྱི་གངས་དཀར།
ལན། ལྷ་གར་རྟེན་གསུམ་སྐོར་མཀའ་ཀློང་གསང་བའི་མདོས་ཆེན་ལྟར་འཆད་ན།
དང་པོ་ལྷ་ནི། ཡེ་སྲིད་འཕྲུལ་རྒྱལ། ལྷ་ཆེན་རྒྱལ་བྱིན། ཚང་པ་འབུམ་ཁྲི། ཡིད་དེ་རྒྱལ་བ། ཡིད་ལ་སེམས་དཔའ། སྐར་མདའི་རྒྱལ་པོ། སྲིད་རྗེ་འབྲང་དཀར། ཕྱ་རྗེ་རིང་དཀར། སྐོས་རྗེ་དྲངས་དཀར་བཅས་འོལ་རྗེ་གནམ་གྱི་ལྷ་དགུ་དང་། རྗེ་བོ་ཡབ་ལྷ་བདལ་དྲུག སྐྱོབ་བྱ་ཕྱ་བླ་བྲམ་ཕྱིན། གྲོགས་བྱེད་ཁྲི་དེ་སུམ་པོ། སྟོང་བྱེད་རྒྱ་བླ་འབྲོང་ནམ། རྒྱུད་འཛིན་འོད་དེ་གུང་རྒྱལ། སྐོས་པ་ཡོངས་སུ་དག་པ། མཛོད་སྲུང་ཨརྱ་འཛམ་ལྷ། འཕེལ་བྱེད་ཕྱུག་ལྷ་རྨ་གཡང་། ཚེ་འཛིན་སྲོག་ལྷ་ཉམས་ཆེན་དང་བཅས་བར་ན་གནས་པའི་ལྷ་དགུ་དང་། ཕུ་གཉན་གཙང་ལྷ་ཕུ་དར། མདོ་གཉན་མདོ་ལ་རི་བོ། གདགས་གཉན་དྲལ་བཙུན་རྨའོ། སྲིབ་གཉན་ལྕམ་བཙུན་ཡུལ་རྨ། མཐོ་བ་ཡར་ལྷ་ཤམ་པོ། རྨ་གཉན་རྐོང་ལྷ་དེ་མོ། ཤིང་གཉན་ཉང་ལྷ་ཕོ་མ། མཆོ་བ་ཐང་ལྷ་ཡར་བཞུར། ཁྱབ་པ་ཡུལ་ལྷ་སྐོས་རྗེ་དང་བཅས་ས་ལ་གནས་པའི་ལྷ་དགུ་བཅས་སོ།
གཉིས་པ་གར་ནི། གར་ཡུལ་ཡེ་མོ་གསེར་སྡིང་ན། སྤྲུལ་པ་གར་གསས་དབལ་གྱི་སྡེ་སྟེ་ཚ་ལ་རྒྱུང་ནེ་ལ་སོགས་ཡིན།
གསུམ་པ་རྟེན་ནི། ཕོ་ལྷ་མི་རྫི་ཞང་ལྷ། མ་ལྷ་བུ་རྫི་ཐབ་ལྷ། གོ་ལྷ་ལྡོང་ཕྲོམ་ཁྱིན་ལྷ། སྒྲ་བླ་སྲོག་ལྷ་ཕྱུགས་ལྷ་རྣམས་ཡིན་ནོ།།