བོན་མི་འགྱུར་བའི་རྟགས་ལྔ་གང་ཡིན་ནམ།
སྒྲ་འགྲེལ་ལས། གཅིག གངས་དཀར་ལ་གཡའ་མི་འཇུ་བས་གཡུང་དྲུང་བོན་འགྱུར་བ་མེད་པའི་བརྡ་རྟགས། གཉིས། རྒྱ་མཚོ་འབྲི་མིག་དང་ཆུ་མིག་དགུན་མི་འཁྱགས་པས་གཡུང་དྲུང་བོན་འགྱུར་བ་མེད་པའི་བརྡ་རྟགས། གསུམ། ཤིང་ཤུག་པ་དབྱར་སྔོ་དགུན་རློན་པས་གཡུང་དྲུང་བོན་འགྱུར་བ་མེད་པའི་བརྡ་རྟགས། བཞི། མཚེ་དབྱར་སྔོ་དགུན་རློན་ཡིན་པས་གཡུང་དྲུང་བོན་འགྱུར་བ་མེད་པའི་བརྡ་རྟགས། ལྔ། སྟོན་པ་གཡུ་བྱ་ཁུ་བྱུག་ཏུ་སྤྲུལ་ནས་བྱོན་པས་གོས་སྔོན་གྱོན་པ་གཡུང་དྲུང་བོན་འགྱུར་བ་མེད་པའི་བརྡ་རྟགས་བཅས་སོ།། །།
242020cookie-checkབོན་མི་འགྱུར་བའི་རྟགས་ལྔ་གང་ཡིན་ནམ།