ད་ལྟའི་རོང་འཚམས་ས་ཁུལ་འགའ་ཞིག་ཏུ་བོན་མིང་སྤྱོད་ཅིང་དམར་མཆོད་བྱེད་པའི་སྲོལ་དེ་གནའ་བོའི་བོན་དང་འབྲེལ་བ་ཡོད་དམ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། གུང་སངས།
དྲི་བ། ད་ལྟའི་རོང་འཚམས་ས་ཁུལ་འགའ་ཞིག་ཏུ་བོན་མིང་སྤྱོད་ཅིང་དམར་མཆོད་བྱེད་པའི་སྲོལ་དེ་གནའ་བོའི་བོན་དང་འབྲེལ་བ་ཡོད་དམ།
ལན། དེ་ཚོ་ནི་ཕལ་ཆེར་གནའ་བོའི་བོན་མིང་འཛིན་པ་དེ་དག་གི་ཤུལ་ལྷག་ཡིན་པར་སེམས། གཡུང་དྲུང་བོན་གྱི་སྟོན་པ་རྒྱལ་བ་གཤེན་རབ་མི་བོ་བོད་གངས་ཅན་ལྗོངས་སུ་ཕེབས་སྐབས་བོད་ཀྱི་བོན་པོ་རྣམས་ལ་རྒྱུ་ཡི་བོན་ཏེ་ལྷ་གསོལ་དང་གླུད་གཏོང་སོགས་ཀྱི་ལུང་གནང་། ཕྱིས་སུ་ཁ་བ་ཅན་དུ་འབྲས་བུའི་བོན་དར་བའི་སྨོན་ལམ་བཏབ། སྐབས་དེར་བོད་ཀྱི་བོན་པོ་དམར་མཆོད་བྱེད་མཁན་དེ་དག་ལ་སེམས་ཅན་གྱི་སྲོག་གཅོད་པའི་ཚབ་ཏུ་ཟན་གྱི་གཟུགས་འགྲོས་སུ་བཀོད་ནས་དམར་མཆོད་བྱེད་པའི་སྲོལ་བཀག་པའི་ལོ་རྒྱུས་གཡུང་དྲུང་བོན་གྱི་ལོ་རྒྱུས་རྣམས་སུ་རྒྱས་པ་ཡོད་པ་ལྟར་ཡིན་ལ། ས་མཚམས་དང་ལུང་ཁུག་སོགས་སུ་ད་ལྟའི་བར་ཤུལ་དེ་དག་ལྷག་ཡོད་ཆོག་པ་རེད། །