ཐད་སྐམ་དང་ཐང་ལོག་བསྡེབས་ཚུལ་གཅིག་པ་ཡིན་ནམ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། མེ་སྟག
དྲི་བ། སྒྲ་བསྒྱུར་སྐབས། ཐད་སྐམ་དང་ཐང་ལོག་བསྡེབས་ཚུལ་གཅིག་པ་ཡིན་ནམ།
ལན། ཞང་ཞུང་སྒྲ་སྒྱུར་སྐབས་སུ་ཐང་ལོག་དང་། ཐང་ཀམ་(ཐད་ཀམ་ཡང་བཤད་)། དོན་སྡེབ་སོགས་རྩ་བའི་སྡེབ་སྦྱོར་ཆེན་པོ་གསུམ་དུ་གསུངས་པའི་དང་པོ་ཐང་ལོག་ཅེས་པ་ནི། ཚིག་དངོས་སུ་མི་བརྗོད་པར་བརྡ་དང་ཟུར་གྱི་ལམ་ནས་ལོག་སྐད་ལྟ་བུའི་ནང་དོན་གླེང་བ་སྟེ། དཔེར་ན། གསང་སྔགས་ཀྱི་དམ་ཚིག་བཤད་པ་ལྟར་ཏེ། ཁྲོ་ཆུ་ཁོལ་མ་སྐོམ་དུ་འཐུང་བ་དང་། ལྟ་བུར་མིན་ནམ་སྙམ་སྟེ། སྐྱབས་སྟོན་ཁྲོ་འགྲེལ་ལས། “ལྷའི་གསང་མཚན་ཐང་ལོག་ནི་གཞིའི་རྒྱུ་ཡི་གེ་ལས་སྔགས་ཀྱི་སྒྲ་རུ་ཐང་ལོག་པ་སྟེ། བརྡ་སྐད་ནི་སེང་གེ་དཀར་མོའི་གདངས་སྐད་དང་། གཡུ་འབྲུག་སྔོན་མོའི་ངུར་སྐད་ལྟ་བུས་དྲངས་པའོ། །“ ཞེས་དཔེར་ན། གསང་མཚན་སོགས་སྨྲོས་དགོས་ཚེ་སེང་གེ་དང་གཡུ་འབྲུག་གི་ངར་སྐད་ལྟ་བུའི་བརྡ་ལམ་ནས་བཤད་དགོས་པ་ལྟ་བུའི་དཔེ་དྲངས་པ་འདི་དག་ལ་དཔྱད་རྒྱུ་འདུག་དྲན།
གཉིས་པ་ཐང་ཀམ་(ཐད་ཀམ)ནི། སྒྲ་ཐད་སྒྱུར་བྱས་པ་ཞིག་སྟེ་དཔེར་ན། མཛོད་ལས། ཏི་ཀ་ནི་ཕུགས། རྐྱ་སེ་ནི་མཛོད། ཅེས་པ་ལྟར་མིན་ནམ་དྲན།
གསུམ་པ་དོན་སྡེབས་ནི། སྒྲ་ཚིག་ལ་མི་བཟུང་བར་དོན་སྒྱུར་གཙོ་བོར་བྱས་པ་ཞིག་ལ་ཟེར་བ་མིན་ནམ་སྙམ།