སྟོན་པའི་གཟིགས་ཚད་དང་དགོངས་ཚད་སྐོར་ལ་དྲི་བ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཉི་མའི་འོད།
དྲི་བ། སྟོན་པའི་གཟིགས་ཚད་དང་དགོངས་ཚད་གཉིས་ལ་ཁྱད་པར་ཡོད་དམ།
ལན། དེ་གཉིས་ཀྱིས་ཁྱད་པར་སྐོར་རང་རེའི་མདོ་རྒྱུད་རྣམས་སུ་རྒྱས་པ་ཡོད་པས་འདིར་བསྡུད་དེ་འཆད་ན།
དང་པོ་གཟིགས་ཚད་ལྔ་ནི།
ཡུལ་ལྷོ་འཛམ་བུ་གླིང་ལ་གཟིགས་པ་ནི། ཡུལ་གཞན་ན་དགེ་སྡིག་ལས་སོགས་མེད་ལ་འདིར་ཀུན་འཛོམས་པ་དང་།
མཁར་བར་པོ་སོ་བརྒྱད་ལ་གཟིགས་པ་ནི། དེ་ཉིད་རིན་པོ་ཆེ་ལས་གྲུབ་པས་བཞུགས་པ་ཉམས་དགྱེས་པ་དང་།
ནོར་རིན་པོ་ཆེའི་གླིང་ལ་གཟིགས་པ་ནི། གཏོར་རླག་མེད་པ་དང་།
ཡབ་རྒྱལ་བོན་ཐོད་དཀར་དང་ཡུམ་ཡོ་ཕྱི་རྒྱལ་བཞད་ན་གཉིས་ལ་གཟིགས་པ་ནི། དེ་གཉིས་ཉོན་མོངས་པའི་ཤས་མེད་ཅིང་དུས་གསུམ་སངས་རྒྱས་ཀྱི་ཡབ་ཡུམ་དུ་གྱུར་པས་གཟིགས་པའོ། །
གཉིས་པ་དགོངས་ཚད་ལྔ་ནི།
ལོ་བྱི་བ་ལ་དགོངས་པ་ནི། ཞིབ་ཏིག་ནན་ཏན་གྱི་འགྲོ་དོན་མཛད་པའོ། །
ཟླ་བ་དཔྱིད་ཟླ་ར་བ་ལ་དགོངས་པ་ནི། མཛད་པ་བཅུ་གཉིས་ཀྱི་དོན་དང་།
ཚེས་བཅོ་ལྔ་ལ་དགོངས་པ་ནི། ཟླ་གསང་ཐིག་ལེའི་དངོས་གྲུབ་དང་།
སྐར་མ་རྒྱལ་ལ་དགོངས་པ་ནི། བདུད་ལྔ་དབང་དུ་འདུས་པ་དང་།
དུས་ཚོད་ནམ་ལངས་པར་དགོངས་པ་ནི། སྟོན་པའི་རྒྱལ་ཐེབས་མི་འཆད་པའི་དོན་ལ་དགོངས་པ་བཅས་ཀྱི་ཁྱད་པར་ཡོད་དོ།། །།