སད་དོ་དང་སྤུངས་སོ་ཞེས་པ་འདི་གཉིས་སུའི་སྐད་ཡིན་ནམ།
རྩོམ་བྲིས་པ། ཨ་ཀྲོང་རིན་རྒྱལ་སོགས། དྲི་བ་གཏོང་མཁན། གྱེར་རྩ་ཆུང་ཆུང་།
དྲི་བ། དཔེ་གཞུང་འགའ་ལས་”སད་དོ” དང་ “སྤུངས་སོ་” ཟེར་བ་དེ་ཡང་ཡང་ཐོན་བཞིན་འདུག་པས། དེ་དག་སྐད་རིགས་སུ་ཞིག་དང་དེ་དག་གི་དོན་གང་ཡིན་གསུངས་རོགས།
ལན། དེ་དག་ནི་ཞང་སྐད་དང་རྟགས་གཟིགས་ཀྱི་སྐད་སོགས་ཅི་རིགས་ཡོད་ལ། དེ་འང་གཞུང་ལས། “སད་དོ་སྤུངས་སོ་ཧྲུན་ནོ། ཞེས་པ་སད་དོ་ཞེས་པ་ལྷ་སྟེ། འཇིག་རྟེན་ལས་འདས་པ་ཡེ་ཤེས་ཀྱི་ལྷ་རྒྱུད་ཞི་གནས་ཀྱིས་བརླན་པ་ཐུགས་ཉིད་ཉེས་པའི་སྐྱོན་དང་བྲལ་བ་ཡོན་ཏན་གྱི་ཕུང་པོར་གནས་པ་དེ་དང་། སྤུངས་སོ། ཞེས་པས་སྟོན་པ་སྟེ། སྤྱིར་ལམ་གྱི་གཤེན་རབ་ལ། སྒོས་འདི་འདི་ཉིད་སྟོན་པར་བྱེད་པའི་དཔོན་གསས་ཏེ་ཡོན་ཏན་ཡོན་ཏན་གྱི་ཕུང་པོར་གནས་པ་བདེ་ལེགས་སུ་འབྱུང་བའི་བདག་ཉིད་ཅན་དེ་ཡིན།” ཞེས་གསུངས་པ་ལྟར་རོ། །
56000cookie-checkསད་དོ་དང་སྤུངས་སོ་ཞེས་པ་འདི་གཉིས་སུའི་སྐད་ཡིན་ནམ།