ས་ཡོམ་སྐབས་ཀྱི་ཉེན་སྲུང་ཤེས་བྱ་ཕྲན་བུ།
རྩོམ་བྲིས་པ། མེ་ལོང་།
ངག་འཇམ་པོའི་ངང་ནས་དྲིས་ལན་གྱི་གསལ་བསྒྲགས་ཀློགས།
༡༽སྒུར་བ། ༢༽འགེབ་པ། ༣༽བཟུང་བ།
ས་ཡོམ་སྐབས་སུ་ག་རེ་བྱེད་དགོས།
(1)སློབ་གྲྭའི་ནང་ལ་གཞའ་སྟངས།
༡༽སྒུར་ཏེ་ཡིབ་པ། པུས་མོ་ས་ལ་བཙུགས་ནས་ཡིག་ཅོག་དང་། མདུན་ཅོག་གང་རུང་འོག་ཡིབ་དགོས། སྒེའུ་ཁུང་ཕྱོགས་ནས་ཁ་སྐོར་ཏེ་ཐག་རིང་དུ་གྱེས་དགོས་པ་མ་ཟད་དེབ་འཇོག་སའི་བང་ཁྲི་ལྟ་བུ་ལྗིད་ཁོག་ཆེ་བའི་སྣང་ཡུལ་གྱི་དངོས་རྫས་དག་ལ་འཛེམ་དགོས། དེ་ཚོ་མར་ལྷུང་བའི་ཉེན་ཁ་ཡོད།
༢༽འགེབ་པ། ཡིག་ཅོག་གམ། ཡང་ན་ཅོག་ཙེ་གཞན་པའི་འོག་རང་གི་མགོ་བོ་འགེབ་སྲུང་བྱེད་དགོས་པ་དང་། ལག་པ་དང་དཔུང་པ་ཡ་གཅིག་གིས་མིག་དང་ཁ་ངོ་འགེབ་སྲུང་བྱེད་དགོས།
༣༽བཟུང་བ། ལག་པ་གཞན་པ་དེས་ཡིག་ཅོག་དང་མདུན་ཅོག་གང་ཡོད་པ་དེར་དམ་པོར་འཇུ་དགོས། གལ་སྲིད་ཅོག་ཙེ་འགུལ་སྐྱོད་བྱེད་བཞིན་ནུད་སོང་ན་ཅོག་ཙེ་ལ་འཐམ་ནས་མཉམ་དུ་ནུད་དེ་ཅོག་ཙེའི་འོག་མགོ་སྒུར་ནས་གཞའ་དགོས།
(2)ཁང་པའི་ཕྱི་ལ་གཞའ་སྟངས།
ཐོག་རྩིག་ཅན་གྱི་ཁང་པ་མང་ས་དང་ཤིང་སྡོང་མེད་སའི་ས་ཆ་འཚོལ་དགོས་པ་མ་ཟད་གློག་གི་ཀ་བ་འགྱེལ་ས་དང་། ཏར་སྐུད་ལྷུང་སའི་ས་ཆ་དང་ཐག་རིང་དུ་བསྐྱེད་ནས་འདུག་དགོས། པུས་མོ་ས་ལ་བཙུགས་ནས་དེབ་དང་། ཡང་ན་ཉེན་སྲུང་དངོས་པོ་གཞན་གྱིས་མགོ་བོ་འགེབ་དགོས།
(3)ཁང་པ་དང་ཉེ་སར་གཞའ་བ།
སྒོ་ཡི་ནང་ལོགས་སུ་ཡིབ་ས་རགས་ན་པུས་མོ་ས་ལ་བཙུགས་ནས་ལག་པ་གཅིག་གིས་རང་གི་མགོ་བོ་འགེབ་སྲུང་བྱེད་པ་དང་ལྷན་དུ་ལག་གཞན་པ་དེས་སྒོ་ཡི་མེ་ལོང་འཇུ་ནས་སྒོ་ཟུར་ལ་ཉེན་ཡོལ་བྱེད་དགོས།
(4)ཚོགས་ཁང་ནང་ལ་གཞའ་སྟངས།
གྱང་ཟུར་གྱི་ས་སྟོང་ལ་པུས་མོ་བཙུགས་ནས་སྒུར་ཏེ་ལས་པས་མགོ་དང་འཇིང་པ་འགེབས་སྲུང་བྱེད་པ་དང་། ཁ་ངོ་ས་ངོས་ལ་སྦུབ་ནས་འདུག་དགོས་པ་བཅས་སོ། །