ལྷོ་བྲག་མའི་སྐོར་གསུང་རོགས།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། བོན་བུ་མོ་ལ་དགའ་པོ།
དྲི་བ། བོན་པོ་ཚང་ལ་རྫོགས་པ་ཆེན་པོ་ལྷོ་བྲག་མའི་སྔོན་འགྲོའི་ཚིག་བཤད་རྣམས་བཞུགས་སོ།། ཞེས་པའི་དཔེ་ཆ་ཞིག་འདུག དཔེ་ཆ་འདིའི་མཛད་པ་པོ་སུ་ཡིན་དང་རྫོགས་པ་ཆེན་པོ་ལྷོ་བྲག་མའི་སྐོར་གྱི་ལོ་རྒྱུས་མདོར་ཙམ་མཁྱེན་མཁན་ཡོད་ན་བཀའ་དྲིན་ཆེ་བ་ཞུ་རྒྱུ་ཡིན།
ལན། རྫོགས་པ་ཆེན་པོ་ལྷོ་བྲག་མའི་སྔོན་འགྲོའི་ཚིག་བཤད་ནི་བོན་ལུགས་ཀྱི་ཨ་སྙན་རྫོགས་གསུམ་ཞེས་པའི་ནང་ཚན་རྫོགས་ཆེན་སྔོན་འགྲོའི་རིམ་པ་ཁག་ཕྱོགས་གཅིག་ཏུ་བསྒྲིགས་པའི་གཞུང་ཞིག་ཡིན། གཞུང་འདི་ཉིད་ནི་གཙོ་བོ་རྫོགས་ཆེན་ཡོངས་རྩེ་ཀློང་ཆེན་ལས་བྱུང་བ་ཡིན་ལ། གཞུང་འདིའི་མཚན་ལྷོ་བྲག་མ་ཞེས་པའི་དོན་ནི་རྫོགས་ཆེན་ཡོངས་རྩེ་ཀློང་ཆེན་དེ་ཉིད་གཏེར་སྟོན་བརྒྱ་རྩའི་ནང་ཚན་གཞོད་སྟོན་དངོས་གྲུབ་ཀྱིས་“ལྷོ་བྲག་ཁོམ་མཐིང་”ནས་གཏེར་དྲངས་པའི་རྒྱུ་མཚན་གྱིས་དེ་ལྟར་འབོད་པར་སེམས། གཞོད་སྟོན་གྱིས་བོན་ཞིག་ཁྱུང་ནག་སོགས་ལ་སྙན་དུ་བརྒྱུད་ནས་དར་བ་ཡིན་ཞུ།།
བོན་པོ་ཚང་ལ་་་ཡབ་སྲས་སྔོན་འགྲོ་་་ཞེས་པ་ཞིག་ཡོད་སྐད་འདུག་པས་དེའི་བྱུང་རིམ་ཇི་ལྟར་དང་དེང་སང་འཆད་ཉན་དང་ཉ མས་ལེན་གནང་མཁན་ཡོད་དམ། །
ཡབ་སྲས་སྔོན་འགྲོ་ནི་གཙོ་བོ་སྤྲུལ་སྐུ་རྣམ་བཞིའི་རྗེས་སུ་དར་བའི་བོན་སྤྱོད་སྔོན་འགྲོའི་རིམ་པར་འཇུག་ཚུལ་ཞིག་ཡིན་པར་སྙམ། དེང་དུས་ཀྱང་སྔོན་འགྲོའི་རིམ་པ་དེ་དག་ལག་ལེན་གནང་མཁན་གང་མང་ཞིག་ཡོད་ཆོག