རླུང་འཚུབ་སྔོན་གྱི་ཉེན་ཡོལ་གྲ་སྒྲིག
རྩོམ་བྲིས་པ། མེ་ལོང་།
རླུང་འཚུབ་དྲག་པོ་མ་ཡོང་བའི་སྔོན་ཆུ་ཚོད་༣༦ནང་ཚུད་དོག་ཟོན་བྱེད་ནས་ལྟ་ཞིབ་བྱེད་དགོས། རླུང་འཚུབ་སླེབས་ཚེ་གཤམ་གྱི་ཉེན་སྲུང་ཁག་ལག་བསྟར་བྱས་ན་ལེགས།
༡༽ཁྱོད་རང་ལ་ཉེན་ཡོལ་གྱི་འཆར་གཞི་ཡོད་དགོས། གལ་སྲིད་ཁྱོད་ཕྱིར་ཐོན་པ་ཡིན་ན་ག་བར་འགྲོ་དགོས་པ་དང་། གང་འདྲ་བྱས་ན་གནས་དེར་སླེབས་ཐུབ་པ་ཡིན་ནམ།
༢༽གལ་ཆེའི་ཡོ་ཆས་རྣམས་རང་དང་ལྷན་དུ་འཁུར་རྒྱུའི་གྲ་སྒྲིག་དགོས། དང་པོ་ཉེན་སྲུང་ཡོ་ཆས་གློག་སྒྲོན་དང་། གློག་རྫས། སྨན་ཡིག་དང་། ཉལ་ཆས། གལ་ཆེའི་ཡིག་ཆ་དང་། དངུལ་རྐྱང་། དངུལ་གྱི་བྱང་བུ་དང་། ལྕགས་ཊིན་ཁ་དབྱེ་ཆས། ཊིན་སྣོད་ཟས་རིགས། དེ་བཞིན་ཆུ་དང་། དུག་ལོག་བཅས་ཉིན་གྲངས་ལྔ་ལ་འདང་བ་གྲ་སྒྲིག་བྱ་དགོས།
༣༽རླུང་འཕྲིན་ལ་ཉན་པ་དང་། བརྙན་འཕྲིན་ལ་ལྟ་བ་སོགས་གནམ་གཤིས་ཉེན་བརྡའི་བཀའ་ཁྱབ་ལ་དོ་སྣང་གནང་དགོས།
༤༽སྣུམ་འཁོར་ནང་སྣུམ་འདང་ངེས་རྒྱངས་དགོས།
༥༽སྒོ་དང་སྒེའུ་ཁུང་རྣམས་ཡག་པོ་རྒྱག་སྟེ་ཤིང་དང་ཐག་པས་འགེབ་སྲུང་ཡག་པོ་བྱེད་དགོས།
༦༽གད་སྙིགས་བླུག་སྣོད་དང་། ལྕགས་རྟ། ཤ་སྲེག་སྣོད། དེར་མཚུངས་དངོས་རྫས་རྣམས་ནང་དུ་འཇོག་པའམ། ཡང་ན་ཉེན་མེད་ཀྱི་གནས་སུ་འཇོག་ནས་རླུང་འཚུབ་རྒྱུ་བའི་རིང་རང་སོར་བརྟན་པོ་གནས་ཐབས་བྱེད་དགོས།
༧༽འཐུང་ཆུའི་ཆེད་ཤེལ་དམ་དང་སྣོད་ཆས་གཞན་རྣམས་གཙང་མ་བཟོ་ནས་ཆུས་བཀང་སྟེ་འཇོག་དགོས།
༨༽ཆུས་བཀང་བའི་ཁྲུས་ཁང་དང་། ཁྲུས་གཞོང་རྣམས་ཆུ་བཤལ་གཏོང་དགོས་པ་བཅས་སོ། །