རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་བརྒྱུད་རིམ་བཞུགས།
རྩོམ་བྲིས་པ། མི་གསལ།
རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་བརྒྱུད་རིམ་བཞུགས།
(ཡོང་ཁུངས། ཞང་ཞུང་སྙན་རྒྱུད་ཀྱི་བཀའ་པོད།)
རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་བརྒྱུད་རིམ་ནི། ཡེ་ཉིད་ཀྱི་སྟོན་པ་ཀུན་ཏུ་བཟང་པོས་ཐུགས་རྗེའི་སྟོན་པ་གཤེན་ལྷ་འོད་དཀར་ལ་བརྒྱུད། དེས་སྤྲུལ་པའི་སྟོན་པ་གཤེན་རབ་མི་བོའི་ཐུགས་ཀྱི་དཀྱིལ་དུ་བཤད། དེས་རིག་པའི་སྟོན་པ་ཚད་མེད་འོད་ལྡན་ལ་བརྒྱུད། དེས་ཐབས་ཆེན་སྟོན་པ་འཕྲུལ་གཤེན་སྣང་ལྡན་ལ་བཤད། དེས་བར་ཀློང་སྟོན་པ་བར་ཀློང་ཁུ་བྱུག་ལ་བཤད། དེས་དབྱིངས་ཀྱི་ལྷ་མོ་བཟང་ཟ་རིང་བཙུན་ལ་བཤད། དེས་མཁའ་དབྱིངས་སྟོན་པ་འཆི་མེད་གཙུག་ཕུད་ལ་བརྒྱུད། དེས་བརྒྱུད་ཁུངས་སྟོན་པ་གསང་བ་འདུས་པ་ལ་བཤད་དོ། །དེ་དགུ་ལ་བདེར་གཤེགས་དགོངས་རྒྱུད་དགུ་ཞེས་ཟེར།
༧ དེས་ཡོངས་སུ་དག་པ་ལ་བརྒྱུད། དེས་ཀླུ་བོན་བ་ནམ་ལ་བརྒྱུད། དེས་ཁྲི་ལྡེ་ཟམ་བུ་ལ་བརྒྱུད། དེས་བ་ནམ་སྐྱོལ་པོ་ལ་བརྒྱུད། དེས་ཁྲི་ཤོ་རྒྱལ་བ་ལ་བརྒྱུད། དེས་ར་སངས་བསམ་འགྲུབ་ལ་བརྒྱུད། དེས་དར་མ་ཤེས་རབ་ལ་བརྒྱུད། དེས་དར་མ་བྷོ་དེ་ལ་བརྒྱུད། དེས་ཞང་ཞུང་ཁྲི་འཕེན་ལ་བརྒྱུད། དེས་མུ་ཡེ་ལྷ་རྒྱུང་ལ་བརྒྱུད། དེས་རྨ་གཤེན་ལེགས་བཟང་ལ་བརྒྱུད། དེས་གྱེར་གཤེན་སྟག་ལ་ལ་བརྒྱུད། དེས་ར་སང་གཡུང་དྲུང་ལ་བརྒྱུད། དེས་གསས་ཆེན་གཡུང་འཕེན་ལ་བརྒྱུད། དེས་དགེ་འབར་དོན་འགྲུབ་ལ་བརྒྱུད། དེས་གྱེར་སྤུངས་དགེ་འཕེན་ལ་བརྒྱུད། དེས་སྲས་དགེ་རྒྱལ་ལ་བརྒྱུད། དེས་ཞང་ཞུང་རྣམ་རྒྱལ་ལ་བརྒྱུད། དེས་མུ་རྒྱུང་དཀར་པོ་ལ་བརྒྱུད། དེས་ཧོར་ཏི་ཆེན་པོ་ལ་བརྒྱུད། དེས་དོན་ཀུན་གྲུབ་པ་ལ་བརྒྱུད། དེས་ར་སངས་འཕེན་རྒྱལ་ལ་བརྒྱུད། དེས་གུ་རུབ་གསས་དགའ་ལ་བརྒྱུད། དེས་ཟླ་བ་རྒྱལ་མཚན་ལ་བརྒྱུད། དེ་རྣམས་ལ་འཇའ་ལུས་འཕོ་ཆེན་ཉེར་བཞི་ཟེར།
༧ དེས་ཏ་པུ་ཧྲི་ཙ་ལ་བརྒྱུད། དེས་གྱེར་སྤུངས་སྣང་བཞེར་ལོད་པོ་ལ་བརྒྱུད་དོ། །དེ་གཉིས་ལ་སྤྲུལ་སྐུ་དྲིན་ཆེན་གཉིས་བརྗོད། ༧ དེས་རྒྱལ་གཟིགས་གསས་ཆུང་ལ་བརྒྱུད། དེས་དམུ་གཤེན་ཙོ་གེ་ལ་བརྒྱུད། དེས་གྱེར་གཤེན་ཛོ་བཏང་ལ་བརྒྱུད། དེས་ཤོད་ཁྲམ་ཆེན་པོ་ལ་བརྒྱུད། དེས་དམུ་རྒྱལ་བ་བློ་གྲོས་ལ་བརྒྱུད། དེས་དཔོན་རྒྱལ་བཙན་པོ་ལ་བརྒྱུད་དོ། །དེ་དྲུག་ལ་ཞང་ཞུང་གི་གྲུབ་ཐོབ་དྲུག་ཅེས་བརྗོད།
༧ དེ་ནས་སྟོད་རྒྱུད་དང་སྨད་རྒྱུད་གཉིས་སུ་(བཀའ་ཉམས་གཉིས་སོ་སོར་)གྱེས་ཏེ། དང་པོ་ནི་དཔོན་བཙན་པོ་ནས་(བཀའ་རྒྱུད་ཁོ་ན་)གུ་གེ་བློ་ལྡན་ལ་བརྒྱུད། དེས་པུ་རེང་ཀུན་དགའ་ལ་བརྒྱུད། དེས་རྣལ་འབྱོར་སྲས་མཆོག་ལ་བརྒྱུད། དེས་ཁྱུང་བྱིད་མུ་ཐུར་ལ་བརྒྱུད། དེས་བདེ་བ་རིང་མོ་ལ་བརྒྱུད། དེས་རྟོག་མེད་ཞིག་པོ་ལ་བརྒྱུད་དོ། །དེ་དྲུག་ལ་སྟོད་རྒྱུད་རིག་འཛིན་དྲུག་ཅེས་ཟེར།
༧ སྨད་རྒྱུད་ནི། དཔོན་བཙན་པོ་ནས་(ཉམས་རྒྱུད་ཁོ་ན་)ལྷུན་གྲུབ་མུ་ཐུར་ལ་བརྒྱུད། དེས་གཤེན་རྒྱལ་ལྷ་རྩེ་ལ་བརྒྱུད། དེས་ལྷ་སྒོམ་དཀར་པོ་ལ་བརྒྱུད། དེས་དངོས་གྲུབ་རྒྱལ་མཚན་ལ་བརྒྱུད། དེས་འོར་སྒོམ་ཀུན་འདུས་ལ་བརྒྱུད་དོ། །དེ་ལྔ་ལ་སྨད་རྒྱུད་བོད་ཀྱི་གྲུབ་ཐོབ་ལྔ་ཞེས་ཟེར།
༧ དེ་ནས་ཡང་སྟོན་ཆེན་པོ་(ཤེས་རབ་རྒྱལ་མཚན་)བླ་མ་འོལ་སྒོམ་ཀུན་འདུལ་ལས་ཉམས་རྒྱུད་དང་། རྟོག་མེད་ཞིག་པོའི་དྲུང་ནས་བཀའ་རྒྱུད་ཀྱི་གདམས་པ་ཞུས་ནས་རྒྱུད་པ་གཅིག་ཏུ་འདུས་སོ། །ཡང་སྟོན་ཤེས་རབ་རྒྱལ་མཚན་ནས་བྱང་རྒྱུད་དང་ལྷོ་རྒྱུད་གཉིས་སུ་གྱེས་ཏེ། དང་པོ་བྱང་རྒྱུད་ནི་གཞན་དུ་གསལ་ལ། གཉིས་པ་ལྷོ་རྒྱུད་ནི། ཡང་སྟོན་ཆེན་པོས་དམ་པ་འབུམ་རྗེ་ལ་བརྒྱུད། དེས་བཀྲ་ཤིས་རྒྱལ་མཚན་ལ་བརྒྱུད། དེས་དབོན་པོ་ཡེ་ཤེས་རྒྱལ་མཚན་ལ་བརྒྱུད། དེས་རྒྱལ་མཚན་རིན་ཆེན་ལ་བརྒྱུད། དེས་གཅིག་ཆོད་དད་ཤེས་ལ་བརྒྱུད། དེས་བྲུ་རྒྱལ་བ་གཡུང་དྲུང་ལ་བརྒྱུད། དེས་རི་པ་ཤེར་བློ་ལ་བརྒྱུད། དེས་ཨ་ཐོག་ཡེ་ཤེས་རིན་ཆེན་གཉིས་ཀ་ལ་བརྒྱུད། ༧ ཡང་བྲུ་སྟོན་རྒྱལ་བས་མཐོ་ལ་ཤེས་རབ་དཔལ་ལ་བརྒྱུད། དེས་སྒོ་ཛུང་ནམ་མཁའ་འོད་ཟེར་ལ་བརྒྱུད། དེས་རྒྱལ་རོང་གཡུང་དྲུང་ཡེ་ཤེས་ལ་བརྒྱུད། དེས་མཁས་གྲུབ་རིན་ཆེན་བློ་གྲོས་ལ་བརྒྱུད། དེས་མཉམ་མེད་ཤེས་རབ་རྒྱལ་མཚན་ལ་བརྒྱུད་དོ། །
༧ ཡང་གཅིག་ལ་བྲུ་རྒྱལ་བས་བསོད་བློ་དང་། ནམ་འོད་བསོད་རྒྱལ་གསུམ་ལ་བརྒྱུད། བསོད་བློས་རྣམ་རྒྱལ་ཀ་ར་དང་། ནམ་རིན་གཉིས་ལ་བརྒྱུད། བྲུ་སྟོན་ནམ་རིན་དང་རྣམ་རྒྱལ་ཀ་ར་གཉིས་ཀྱིས་རྒྱལ་རོང་གཡུང་དྲུང་ཡེ་ཤེས་ལ་བརྒྱུད། དེས་མཁས་གྲུབ་རིན་བློ་ལ་བརྒྱུད། དེས་མཉམ་མེད་ཤེས་རབ་རྒྱལ་མཚན་ལ་བརྒྱུད།
༧ ཡང་རྒྱུད་གཅིག་ལ་བྲུ་རྒྱལ་བས་ཨ་ཐོག་ཡེ་རིན་ལ་བརྒྱུད། དེས་རྣམ་རྒྱལ་ཀ་ར་ལ་བརྒྱུད། དེས་མཁས་གྲུབ་རིན་ཆེན་བློ་གྲོས་ལ་བརྒྱུད། དེས་མཉམ་མེད་ཤེས་རབ་རྒྱལ་མཚན་ལ་བརྒྱུད་དོ། །མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་རྒྱལ་ཚབ་རིན་ཆེན་རྒྱལ་མཚན་ལ་བརྒྱུད། དེས་ནམ་མཁའ་ཡེ་ཤེས་ལ་བརྒྱུད། དེས་ཀུན་བཟང་རྒྱལ་མཚན་ལ་བརྒྱུད། དེས་རིན་ཆེན་རྒྱལ་མཚན་ལ་བརྒྱུད། དེས་ཚུལ་ཁྲིམས་རྒྱལ་མཚན་ལ་བརྒྱུད། དེས་བསོད་ནམས་ཡེ་ཤེས་ལ་བརྒྱུད། དེས་བསོད་ནམས་གཡུང་དྲུང་ལ་བརྒྱུད། དེས་ཤེ་ཙུ་དྲུང་མུ་ལ་བརྒྱུད། དེས་ཤེས་རབ་འོད་ཟེར་ལ་བརྒྱུད། དེས་གཡུང་དྲུང་རྒྱལ་མཚན་ལ་བརྒྱུད། དེས་ཤེས་རབ་བློ་གྲོས་ལ་བརྒྱུད། དེས་ཤེས་རབ་འོད་ཟེར་ལ་བརྒྱུད། དེས་གཙུག་ཕུད་འོད་ཟེར་ལ་བརྒྱུད། དེས་གཡུང་དྲུང་ཚུལ་ཁྲིམས་ལ་བརྒྱུད། དེས་རིན་ཆེན་འོད་ཟེར་ལ་བརྒྱུད། དེས་རིན་ཆེན་ལྷུན་གྲུབ་ལ་བརྒྱུད། དེས་ཤེས་རབ་བསྟན་འཛིན་ལ་བརྒྱུད། དེས་ཤེས་རབ་དབང་རྒྱལ་ལ་བརྒྱུད། དེས་གཡུང་དྲུང་དབང་རྒྱལ་ལ་བརྒྱུད། དེས་བསོད་ནམས་བློ་གྲོས་ལ་བརྒྱུད། དེས་སྐམ་ཞིག་མཁས་གྲུབ་ཉི་མ་བསྟན་འཛིན་ལ་བརྒྱུད། དེས་བསོད་ནམས་ཕུན་ཚོགས་ལ་བརྒྱུད། དེས་ཤེས་རབ་གཡུང་དྲུང་ལ་བརྒྱུད། དེས་ཚབ་ཤི་ཉི་མ་གྲགས་པ་ལ་བརྒྱུད། དེས་བསྟན་པ་བློ་གྲོས་ལ་བརྒྱུད། དེས་ཡོངས་འཛིན་སངས་རྒྱས་བསྟན་འཛིན་ལ་བརྒྱུད། དེས་ཡོངས་འཛིན་བསྟན་འཛིན་རྣམ་དག་ལ་བརྒྱུད་དོ།
༧ ཡང་རྒྱུད་གཅིག་ལ་ཉི་མ་བསྟན་འཛིན་ནས་ཁྱུང་ཡུལ་གྲུབ་ཆེན་མེ་སྟོན་ཉི་མ་རྒྱལ་མཚན་ལ་བརྒྱུད། དེས་གྲུབ་དབང་སྨོན་ལམ་རྒྱལ་མཚན་ལ་བརྒྱུད། དེས་འགྲུ་སྒོམ་ཚུལ་ཁྲིམས་རྒྱལ་མཚན་ལ་བརྒྱུད། དེས་ཡོངས་འཛིན་སངས་རྒྱས་བསྟན་འཛིན་ལ་བརྒྱུད། དེས་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་ལ་བརྒྱུད་དོ། །
༧ ཡང་གཅིག་ལ་བྲུ་རྒྱལ་བས་ཨ་ཐོག་ཡེ་ཤེས་རིན་ཆེན་ལ་བརྒྱུད། དེས་གར་ཙ་བསོད་ནམས་བློ་གྲོས་ལ་བརྒྱུད། དེས་སྤ་བསྟན་རྒྱལ་བཟང་པོ་ལ་བརྒྱུད། དེས་སློབ་དཔོན་ཁྲོ་བོ་རྒྱལ་མཚན་ལ་བརྒྱུད། དེས་ཤར་པ་དྲང་སྲོང་ཚུལ་ཁྲིམས་དཔལ་བཟང་ལ་བརྒྱུད། དེས་བྱ་བྲལ་ཤེས་རབ་འོད་ཟེར་ལ་བརྒྱུད། དེས་རྟོགས་ལྡན་ཤེས་རབ་རྒྱ་མཚོ་ལ་བརྒྱུད། །དེས་སྒོ་ཛུང་བློ་གྲོས་རྒྱལ་མཚན་ལ་བརྒྱུད། དེས་སློབ་དཔོན་བསྟན་པ་འོད་ཟེར་ལ་བརྒྱུད། དེས་བྱ་དུར་ཉི་མ་འོད་ཟེར་ལ་བརྒྱུད། དེས་འཁྲུལ་ཞིག་གཡུང་དྲུང་ཚུལ་ཁྲིམས་ལ་བརྒྱུད། དེས་ལྡོང་སྒོམ་བསྟན་པ་ལྷུན་གྲུབ་ལ་བརྒྱུད། (དེས་ནམ་མཁའ་ལྷུན་གྲུབ་ལ་བརྒྱུད། དེས་གཡུང་དྲུང་རྣམ་དག་ལ་བརྒྱུད། དེས་རྒྱལ་བ་བློ་གྲོས་ལ་བརྒྱུད།) དེས་བསྒྱིལ་རི་མི་འགྱུར་རྒྱལ་མཚན་ལ་བརྒྱུད། དེས་མགྲོན་ལྡོག་བསོད་ནམས་རྒྱལ་མཚན་ལ་བརྒྱུད། དེས་མེ་སྟོན་ཉི་མ་རྒྱལ་མཚན་ལ་བརྒྱུད། དེས་གྲུབ་དབང་སྨོན་ལམ་རྒྱལ་མཚན་ལ་བརྒྱུད། དེས་འགྲུ་སྒོམ་ཚུལ་ཁྲིམས་རྒྱལ་མཚན་ལ་བརྒྱུད། དེས་ཡོངས་འཛིན་སངས་རྒྱས་བསྟན་འཛིན་ལ་བརྒྱུད། དེས་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་ལ་བརྒྱུད་དོ།
༧ ཡང་གཅིག་ལ་ཤར་རྫ་བཀྲ་ཤིས་རྒྱལ་མཚན། ཉག་གཏེར་གསང་སྔགས་གླིང་པ་ལ་བརྒྱུད། དེས་སྤ་སྟོན་བསྟན་པ་འབྲུག་གྲགས་ལ་བརྒྱུད། དེས་ཡོངས་འཛིན་སངས་རྒྱས་བསྟན་འཛིན་ལ་བརྒྱུད། དེས་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་ལ་བརྒྱུད་དོ།། །།