རྩ་རྒྱུད་གསང་བ་བསེན་ཐུབ་ལ་འགྲེལ་ག་ཚོད་ཡོད་དམ།
རྩོམ་བྲིས་པ། འོད་སྒོང་དཀར་པོ། དྲི་བ་གཏོང་མཁན། ཐེ་ཚོམ་བཀའ་དྲི་ཞུ་མཁན།
དྲི་བ། རྩ་རྒྱུད་གསང་བ་བསེན་ཐུབ་ལ་འགྲེལ་ག་ཚོད་ཡོད་དམ།
ལན། རྩ་རྒྱུད་ལ་དངོས་སུ་འགྲེལ་བ་༧འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱི་འགྲེལ་ཡིད་བཞིན་བཀོད་པའི་རྒྱན་ཙམ་མཇལ་སོང་། འགྲེལ་བར་སྤྱི་དོན་དང་། ཚིག་དོན་གཉིས་ཀྱི་སྒོ་ནས་འགྲེལ་འདུག སྤྱི་དོན་གྱི་སྐབས་སུ་རང་ལུགས་ཀྱི་འདོད་པ་གཙོར་ཆེ་རྗེ་ཡི་གསང་དོན་རྣམ་འབྱེད་ལས་གཞུང་ཚིག་དང་བཅས་འབྱུང་གི་འདུག གསང་དོན་རྣམ་འབྱེད་སྔགས་འགྲེལ་ལས་བཏུས་པའི་གཞུང་ཞིག་ཡིན་ནམ་སྙམ། རྗེ་རིན་པོ་ཆེ་རང་གིས་གསང་དོན་རྣམ་འབྱེད་ཀྱི་ས་བཅད་བཀོད་པ་ལེ་ཚན་ཞིག་དང་། གསང་དོན་རྣམ་འབྱེད་ཀྱི་ཚིག་འགྲེལ་གཡུང་གླིང་གི་དཔོན་སློབ་ཚུལ་ཁྲིམ་རྒྱལ་མཚན་མཛད་ཀྱིས་མཛད་པ་བཅས་ཡོད།
ཞོར་འཕྲོས་སུ་ཞུ་དོན་ལ། སྔགས་འགྲེལ་གྱི་དེབ་གཟུགས་ཅན་ཞིག་མཇལ་སོང་དེར་རྩ་རྒྱུད་ཀྱི་གཞུང་ཚིག་གི་སྐབས་དོན་དང་མ་འབྲེལ་བའི་མཆན་ཆུང་འདྲ་མིན་བཅུག་འདུག དེ་རིགས་མ་འོངས་པ་མ་དག་རྒྱུན་འབྱམས་སུ་མི་འགྲོ་བའི་ངེས་པ་མི་འདུག་པས་དཔེ་ཀློག་སྐབས་ཞིབ་ཚགས་བྱ་རྒྱུ་གལ་ཆེ་སྙམ། །