རྣི་སོགས་ཀྱི་མཚོན་དོན་གང་ཡིན་ནམ།
རྩོམ་བྲིས་པ། དབྲ་སྟོན་ངག་དབང་བསྐལ་བཟང་བསྟན་པའི་རྒྱལ་མཚན།
༼རྣི༽འདི་ནི་སྲུང་བ་དང་ཚེ་སྒྲུབ་ལ། རྣི། གུ་གུ་ར་ལ་ན་བཏགས། བླ་ཚེ་སྲོག་གསུམ་མཚོན་བྱ་ཡིན་ནོ། ༼རྣྲི༽འདི་ནི་དགྲ་བོ་ལིང་ག་ལ། རྣྲི། གུ་གུ་ནི། ཐུགས་རྗེའི་འདྲེན་བྱེད། ར་དང་ན་དང་ར་བཏགས་གསུམ་བསྒྲལ་བྱའི་བླ་ཡིད་སེམས་གསུམ་མཚོན་ནོ། ༼ནྲི༽འདི་ནི་མཚན་བྱང་ལ། ནྲི། གུ་གུ་ལྷན་ཅིག་སྐྱེས་པའི་ལྷ། ན་རྣམ་པ་ཤེས་པའི་ངོ་བོ། ར་བཏགས་མཉམ་པ་འོང་བའི་བདུད་དུ་མཚོན་ནོ།
༧བསྡུ་བ་གསུམ་ནི། གུ་གུ་ལ་ཡིད་དམ་ལྷ་ཡི་ཐུགས་རྗེ་དང་མཐུ་སྟོབས་བསྡུ། ན་ལ་བླ་ཡོད་སེམས་གསུམ་བསྡུ། ར་བཏགས་ལ་བར་ཆོད་རྐྱེན་དང་ཤི་གཤེད་བསྡུ།
༧བསྒྲལ་བསྟིམ་འདྲེན་གསུམ་ནི། ར་བཏགས་ལོག་འདྲེན་དངོས་མེད་བསྒྲལ། ནའི་བླ་ཡིད་སེམས་གསུམ་གཅིག་ཏུ་འདྲིལ། གུ་གུའི་བོན་ཉིད་དབྱིངས་སུ་འདྲེན་པའོ། ཞེས་པ་མ་ཧཱ་པཎྜི་ཏ་དབྲ་སྟོན་ངག་དབང་བསྐལ་བཟང་བསྟན་པའི་རྒྱལ་མཚན་གྱིས་གསུངས་སོ།། །།