ཡབ་བླ་བདལ་དྲུག་དང་གཉའ་ཁྲི་བཙན་པོའི་བར་དུས་ཡུན་ལོ་གྲངས་ག་ཚོད་འདས་ཡོད་དམ།
ལག་བསྟར་བ། དོ་དམ་པ། · ཟླ་བདུན་པ། 11, 2017
བཀའ་ལན་གནང་མཁན། དྲ་བའི་རྩོམ་སྒྲིག་ཚོགས་མི་ཞང་ཚུལ་མི་སོགས། དྲི་བ་གནང་མཁན། ལྷ་བཙན་པོ།
དྲི་བ། ཡབ་བླ་བདལ་དྲུག་དང་གཉའ་ཁྲི་བཙན་པོའི་བར་དུས་ཡུན་ལོ་གྲངས་ག་ཚོད་འདས་ཡོད་དམ། དེའང་ཡབ་བླ་བདལ་དྲུག་ནི་གཤེན་བར་མི་བོའི་དུས་མཉམ་དུ་ཡོད་ཚུལ་ཡིག་ཆ་འགའ་ཡོང་གི་འདུག ཡིན་ཡང་ལུང་ལས། “ གནམ་ལྷབ་ཀྱི་བླ་ན། ཡབ་བླ་བདག་དྲུག་བཞུགས་པའི་སྲས། གཅེན་གསུམ་གཅུང་གསུམ་ན། ཁྲྀའ་བདུན་ཚིགས་དང་བདུན། ཁྲི་འི་བདུན་ཚིགས་ཀྱི་སྲས། ལྡེ་ཉག་ཁྲི་བཙན་པོ་ ” ཞེས་པ་ལྟར་གསལ་ཤིང་། འདི་ལ་དཔྱད་ན་གཤེན་བར་མི་བོ་ཆེ་དང་གཉའ་ཁྲི་གཉིས་རབ་དུས་ཡུན་ལོ་གྲངས་ལ་འགལ་བ་ཆེ་པོ་བྱུང་འདུག་བས། འདིའི་སྐོར་གསལ་བཤད་གནང་རོགས།
ལན། བོན་ཀྱི་ལོ་རྒྱུས་ལྟར་ནས་གཤེན་རབ་གཅིག་ཁྲི་བརྒྱད་སྟོང་གོང་དང་། གཉའ་ཁྲི་བཙན་པོ་ལོ་སུམ་སྟོང་ལྷག་ཕྱིན་ཚར་བ་རེད་མོད། དེ་ཚོ་ཏག་ཏག་རེད་ཅེས་ཁོ་བོས་ཁ་ཚོན་གཅོད་མ་ཤེས་མོད། མདོར་ན་ལོ་རྒྱུས་རྣམས་དང་ཕན་ཚུན་དཔྱད་བསྡུར་ཞིག་བྱས་པ་ཡིན་ན། ཡབ་བླ་བདལ་དྲུག་ནི་ཕལ་ཆེར་གཤེན་རབ་ལས་སྔ་བ་མ་ཟད། མང་བཀུར་རམ་ཐམས་ཅད་སྔ་བའི་རྒྱལ་པོ་ལས་སྔ་བའི་བཟོ་ཞིག་འདུག དེས་ན་ཁྲི་བར་བདུན་ཚིག་ཡབ་བམ་གཉའ་ཁྲི་བཙན་པོའི་ཡབ་ནི་ཡབ་བླ་བདལ་དྲུག་ཡིན་པར་ཤོད་དཀའ་བར་འདུག མིང་འདྲ་ཡོད་ན་ཅི་ཤེས།
དེའང་ལོ་རྒྱུས་ནི་མཛོད་འགྲེལ་ལས། “ ཕྱྭ་སྲས་ལྕམ་དྲལ་བརྒྱད། ཅེས་པ། གདགས་ཀྱི་དྲལ་བཞི་ནི། ལྷེ་རྗེ་རི་དཀར། ཡབ་ལྷ་བདལ་དྲུག མུ་ཡེར་ཕྲ་ཕུད། ཚངས་སྡང་བྱ་འོག་དང་བཞིའོ། །སྲིབས་ཀྱི་ལྕམ་བཞི་ནི། མ་ཐེར་ཤེལ་ལྕགས། ཚངས་དང་རྒྱལ་མོ། ནེ་སླས་བརྟན་མ། ཏིང་ནམ་གཡུ་ཕྱུག་དང་བཞིའོ། །དེ་རྣམས་ཕྱ་དང་གཡང་གི་བདག་པོ་ལགས་སོ། ། ” ཞེས་པ་འདི་དག་ལ་གཞིག་སྟེ། ཁོ་བོའི་བསམ་ཚུལ་ནི་གཉའ་ཁྲི་བཙན་པོའི་ཐོག་མའི་མི་རྒྱུད་ནི་ཡབ་བླ་བདལ་དྲུག་ལ་བཏུགས་པ་མ་གཏོགས་གཉའ་ཁྲི་བཙན་པོའི་ཡབ་ནི་ཡབ་བླ་བདལ་དྲུག་ཡིན་ས་མི་འདུག་སྙམ། མ་ཟད་ཁྲི་བར་བདུན་ཚིག་ཀྱང་གཉའ་ཁྲིའི་སྤུན་ཡིན་མིན་ཐག་ཆོད་སོང་། དེ་ཚོའི་རིགས་ཧ་ཅང་གོ་དཀའ་མོ་ཞིག་རེད། ཁོ་བོས་ནི་ངེས་གཏན་ཞིག་མ་རྙེད་པས་མཁས་དབང་རྣམ་པས་བགྲོ་གླེང་གནང་རོགས།
____ཞང་ཞུང་ཁྱུང་ལུང་དངུལ་མཁར་བ་ནས།
ཡང་དྲི། ཡང་སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། “ དེ་ནས་སྟག་ཆ་འཚམས་ཟ་བཤོས་པའི་སྲས། ཕྱྭ་རྗེ་ཡབ་བླ་བདལ་དྲུག་ཡིན། དེ་ཡི་སྐུ་སྲུང་མུ་ཆོ་ལྡེམ་དྲུག་ཡིན། དམུ་བོན་ཐུགས་ཀྱི་ཡང་བསྲུངས་མཛད། ” ཅེས་པ་དང་།
ཏུན་ཧོང་གཏེར་ཡིག་ན་ཐེངས་དྲུག་ལ་གླེང་ཡོད་པ་དཔེར་ན། “ གནམ་གྱི་བོན་མོ་སྡིག་ང་སྡྀང་ལོམ་དང༌། ས་འི་བོན་མོ་འབྱོ་ར་འབྱོར་འཇོང་གཉིས་ཀྱིས། །ཤེལ་གྱི་མོ་རྡེའུ་བཞི་བཅུ་རྩ་གཉིས་ལ། །གཏོ་དང་མོ་བགྱིས་ན། བདུད་དང་ལྟས་ངན་བབ། གཤེན་བཞི་སྤྱན་དྲང་འཚལ། གླུད་བཞི་གཏང་བར་བཟང༌། བདུད་བོན་དྲེང་ནག་ཆུ་ལྕགས་དང༌། ཐར་བོན་དྲུ་སྐྱོལ་དང༌། གླུད་བོན་ངག་སྙན་དང༌། གཤེན་རབ་མྱི་བོ་བཞི། ཡབ་བླ་བདལ་དྲུག་གིས། གཤེན་བཞི་སྤྱན་དྲངས་སོ། །” ཞེས་པ་འདི་དག་ལ་བོན་གྱི་མཁས་དབང་ལྷག་བསམ་ཅན་ཚོས་དཔྱད་པ་གང་མང་གནང་དགོས་འདུག་དྲན།
____ལྷ་བཙན་པོ་ནས།
ལན། སྤྱིར་ལོ་རྒྱུས་དང་གཏམ་རྒྱུད་སོགས་ག་འདྲ་ཞིག་ཡིན་རུང་དེའི་སྐོར་གླེང་སྐབས་འཆད་སྟངས་མི་འདྲ་བ་དང་མི་མཐུན་པའང་ཧ་ཅང་མང་པོ་ཡོད་པ་སྨོས་མེད་བཞིན། གཉའ་ཁྲི་བཙན་པོའི་བྱུང་ཁུངས་སྐོར་བརྗོད་སྐབས་ཀྱང་བྱེ་བྲག་ཏུ་བཤད་སྟངས་མི་འདྲ་ཤིན་ཏུ་མང་མོད། འོན་ཀྱང་སྤྱིའི་ཆ་ནས་གསུམ་དུ་ངེས་པ་སྟེ། གཅིག་བསྒྲགས་པ་བོན་ལུགས་དང་། གཉིས་གསང་བ་ཆོས་ལུགས། གསུམ་ཡང་གསང་ལུགས་བཅས་ཡིན།
དེ་གསུམ་ལས་བསྒྲགས་པ་བོན་ལུགས་ཀྱི་འཆད་སྟངས་དེ་ནི་གཉའ་ཁྲའི་གདུང་ཁུངས་ཡབ་བླ་བདལ་དྲུག་ལ་ཐུག་ཡོད་པའི་སྐོར་དེ་རེད། དེ་ལ་བསྒྲགས་པ་བོན་ལུགས་ཞེས་བརྗོད་པ་དེ་ཡང་བོན་དཔེ་ << བསྒྲགས་པ་གླིང་གྲགས་ >> ལས་འཆད་སྟངས་ཡིན་པས་ན་དེ་ལྟར་བརྗོད་པ་ཡིན། དེའི་སྟབས་ཀྱིས་ང་ཚོས་གཉའ་ཁྲི་བཙན་པོ་ཡབ་བླ་བདལ་དྲུག་ལས་བྱུང་བའི་སྐོར་བརྗོད་སྐབས << བསྒྲགས་པ་གླིང་གྲགས་ >> ལ་གཞི་བཅོལ་ཏེ་གླེང་དགོས་པ་ནི་དོན་གནད་ཅིག་ཆགས་ཡོད། << བསྒྲགས་པ་གླིང་གྲགས་ >> ནང་དུ་ཡབ་བླ་བདལ་དྲུག་ནས་གཉའ་ཁྲིའི་བར་ལྷ་རབས་ནས་མི་རབས་བརྒྱུད་ཇི་ལྟར་བྱུང་བའི་སྐོར་རྒྱས་པར་བཀོད་སྐབས་གཉའ་ཁྲིའི་ཡབ་ཁྲི་བར་བདུན་ཚིག་ལ་མཚན་གསུམ་སྨོས་ཡོད་པ་རེད།
དེ་གསུམ་ནི་ལྷ་རབས་གཉན་རུམ་རྗེ་དང་། གཙུག་ཁྲི་བཙན་པོ། གཉའ་ཁྲི་བཙད་པོ་བཅས་ཡིན། དེའི་གཉའ་ཁྲི་བཙད་པོ་ཞེས་པ་དེ་དང་བོད་རྒྱལ་གཉའ་ཁྲི་གཉིས་བར་འཁྲུག་ཉེན་ཡོད་སྟབས་གཟབ་ནན་དགོས་པ་ཞིག་ཡིན། << བསྒྲགས་པ་གླིང་གྲགས་ >> ལས་ཡབ་བླ་བདལ་དྲུག་ནས་གཉའ་ཁྲི་བཙན་པོའི་བར་ལྷ་རབས་ནས་མི་རབས་ཇི་ལྟར་བྱུང་ཚུལ་ཙམ་ལས་ཡབ་བླ་བདལ་དྲུག་དེ་ཉིད་དུས་ནམ་ཞིག་ལ་བྱོན་མིན་གང་ཡང་གསལ་མེད། <<རྩ་རྒྱུད་ཉི་ཟེར་སྒྲོན་མ་>> ལས། ” སྔོན་ཚེ་ལོ་བརྒྱད་ཁྲིའི་དུས་སུ་ཕྱ་རྗེ་ཡབ་བླ་བདལ་དྲུག་དང་། དམུ་ལྕམ་གསེར་མཁར་མ་གཉིས་བཤོས་པའི་སྲས། ། ” ཞེས་པས་ཚེ་ལོ་བརྒྱད་ཁྲིའི་སྐབས་སུ་བྱོན་པར་གསལ་བ་ཡིན་པས། << བསྒྲགས་པ་གླིང་གྲགས་ >> དང་ << རྒྱུད་ཉི་སྒྲོན་ >> གཉིས་ནི་མཛད་པ་པོ་གཅིག་ཏུ་ངེས་སྟབས། དེ་གཉིས་ཀྱི་དགོངས་དོན་གཅིག་ཏུ་བབ་ཡོད་པ་ནི་གོར་མ་ཆག་མོད།
དེ་བཞིན་སྐྱབས་སྟོན་གྱིས་མཛད་པའི་ << འགྲེལ་ཉི་ཟེར་སྒྲོན་མ་ >> ལས། ” མཚན་གཙུག་ཁྲི་བཙན་པོ་ཞེས་ཀྱང་བྱ། མང་པོས་བཀུར་བའི་རྒྱལ་པོ་ཞེས་ཀྱང་བྱ། འཛམ་གླིང་མིའི་རྒྱལ་པོ་ལ་དེ་ལས་སྔ་བས་མེད། ཚེ་ལོ་འབུམ་པ་དང་བརྒྱད་ཁྲིའི་མཚམས་སུ་བྱོན། ” ཞེས་དང་། ཡང་དེ་ཉིད་ལས། ” མང་པོས་བཀུར་བའི་རྒྱལ་པོ་ནི། ཚེ་ལོ་འབུམ་པ་མར་གཉའ་ཆག་པའི་སྐབས་སུ་བྱུང་། ” ཞེས་གསུངས་པ་སོགས་ལ་བརྟག་ན། གཉའ་ཁྲིའི་ཡབ་ཁྲི་བར་བདུན་ཚིགས་སམ་གཙུག་ཁྲི་བཙན་པོ་ནི་ཚེ་ལོ་བརྒྱད་ཁྲིའི་འགོ་སྟོད་ཙམ་ལ་བྱོན་པར་བཤད་ཆོག་པ་ཡིན་ལ། ཡབ་བླ་བདལ་དྲུག་ནི་དེའི་ཡབ་ཡིན་སྟབས་དེའི་སྔོན་ཙམ་ལ་བྱོན་དགོས་མོད། དེར་བརྟེན་གཉའ་ཁྲི་བཙན་པོ་ནི་ད་ནས་ཡར་རྩིས་པའི་མི་ལོ་སུམ་སྟོང་ཡར་སྔོན་ཙམ་བྱོན་པ་ཡིན་པས། ཡབ་བླ་བདལ་དྲུག་དང་དེ་གཉིས་བར་དུས་ཡུན་ཆེས་རིང་སྟབས་ལོ་གྲངས་ནི་བགྲང་དུ་མེད་པའི་གྲངས་མེད་ལས་འདས་ཟིན་སྟབས་ང་ཚོས་ཚོད་དཔག་བྱ་ག་ལ་ནུས།
____དབྲ་སྒོང་སྐྱེས་པས།
ལན། སྐུ༌་ཉིད་༌ཀྱི་༌དྲི་༌བ་༌དང་པོ་ནི། ༌གཉའ༌་བཙན་༌པོ་༌དང་༌ཡབ་༌བླ་༌བདལ་༌དྲུག་༌བར་༌ལ་༌མི་༌རབས་༌དང་༌དུས་༌ཡུན་༌ཇི་༌ཙམ་༌སོང་༌མིན་༌སྐོར་༌དེ་༌རེད། དེའི་༌ཐད་༌ལ་༌ཁོ་༌བོས་༌རང་༌རེའི་༌གལ་༌ཆེའི་༌དཔེ་༌རྙིང་༌དུ༌་མའི་༌བཞེད་༌ཚུལ༌་ཞིག་༌གཤམ་༌ནས་༌ཁྱེད་༌ལ་འབུལ། བོན༌་གྱི༌་དཔེ་༌རྙིང་༌ཡི་༌གེ་༌ལྷ་༌གྱེས་༌དང་༌། བསྒྲགས་༌པ་༌རིན༌་ཆེན་༌གླིང་༌གྲགས། ཡོངས་༌རྩེའི་༌འགྲེལ་༌བ། ཏུན་༌ཧོང་༌བོད་༌ཀྱི་༌ཡིག་༌རྙིང་༌། སྲིད་༌པ་༌རྒྱུད་༌ཀྱི་༌ཁ་༌བྱང་༌། སོགས་༌ནས་༌གཉའ་༌ཁྲི་༌བཙན་༌པོ་༌ནི་༌ཡབ་༌བླ་༌བདལ་༌དྲུག་༌གི༌་བུ༌་ཁྲི་༌བར་༌གྱི་༌བདུན་༌ཚིགས་༌ཀྱི་༌སྲས་༌ཡིན་༌ཚུལ་༌ཞལ་༌གཅིག་༌གྲགས་༌ཡིན། ཡིག་༌རྙིང༌་དེ་༌ཚོའི་༌དགོངས་༌དོན་༌ལྟར་༌ན་༌གཉའ་༌ཁྲི་༌བཙན་༌པོ་༌དང་༌ཡབ་༌བླ་༌བདལ་༌དྲུག་༌བར་༌མི༌་རབས༌་གཅིག་༌སོང་༌ཞེས་༌གླེང་༌ཆོག་༌པ་༌འདུག
དྲི༌བ༌་གཉིས་༌པ། ཏུན་ཧོང་གཏེར་ཡིག་ན་ཐེངས་དྲུག་ལ་གླེང་ཡོད་པའི་གནམ་གྱི་བོན་མོ་སྡིག་ང་སྡྀང་ལོམ་སོགས་གོང་༌གསལ་༌ཡབ་༌བླ༌་བདལ༌་དྲུག་༌གིས༌་གཤེན༌་བཞི་༌སྤྱན་༌དྲངས་༌ཚུལ་༌སྐོར་༌རེད། འདིའི་༌སྐོར་༌ཁ༌་གསལ་༌གོ་༌བདེ་༌ཞིག་༌གཏམ༌་ཤུལ་༌དགའ༌་ཐང་༌འབུམ་༌པ་༌ཆེ༌་ནས་༌རྙེད་༌པའི་༌བོན་༌གྱི་༌དཔེ་༌རྙིང་༌དུ༌་གསལ་༌ཡོད། དེ་ཡང་༌ལྟས་༌ངན་༌རྒྱལ་༌པོ་༌དང་༌བདུད་༌ཀྱི༌་རྒྱལ་༌པོ་༌འཁྲུགས་༌པའི་༌བར་༌རྗེ་༌ཡབ་༌བླ་༌བདལ་༌དྲུག་༌གི་༌བླ་༌ལྟས་༌ངན་༌གྱི༌་རྒྱལ་༌པོས་༌བརྐུས་༌ནས་༌ཡབ་༌བླ་༌བདལ༌་དྲུག་༌ཅི་༌བྱ་༌མེད་༌པར་༌གྱུར་༌བས། མཐར་༌ཡབ་༌བླས་༌གནམ་༌གྱི༌་བོན༌་པོ༌་སྡིང་༌ང༌་སྡིང༌་ལོམ་༌དང༌། ས་༌ཡི་༌བོན་༌པོ་༌འབྱོར་༌ར་༌འབྱོར་༌འཇོང་༌གཉིས་༌ལ་༌མོ་༌ཞུས་༌པས།མོ་༌པ་༌གཉིས་༌པོས་༌གོང༌་གསལ༌་གཤེན་བཞི་༌གདན་༌འདྲེན༌་ནས་༌གླུད༌་བཞི་༌གཏོང་༌དགོས་༌ཚུལ་༌བཤད་༌པས། ཡར་༌བླ་༌བདལ་༌དྲུག༌་གིས༌་བདུད་༌བོན་༌དྲེང༌་ནག་༌ཆུ་༌ལྕག༌་དང་༌། ཐར་༌བོན་༌གྲུ༌་སྐྱོར། གླུད་༌བོན་༌ངག་༌སྙན། གཤེན་༌རབ་༌མྱི་༌བོ་༌དང་༌བཞི་༌གདན་༌དྲངས་༌ཤིང་། ༌སྐབས་༌དེར་༌གཤེན༌་པོ༌་རེ༌་རེས༌་ཆོ༌་ག༌་མི༌་འདྲ་༌བ་༌རེ་༌གཅིག༌་རྒྱབ༌་གཉིས་༌མཐུད་༌དུ་༌གཞུང་༌བསྲངས༌་བས་༌མཐར༌་ལྟས༌་ངན༌་རྒྱལ༌་པོའི་༌ལག་༌ནས་༌ཡབ་༌བླ་༌བདལ་༌དྲུག་༌གི་༌བླ་༌ཚུར་༌བླངས་༌ཚུལ་༌བཤད་༌ཡོད། མདོར་༌ན་༌གོང་གསལ་༌ཏུན༌་ཧོང་༌དང་༌གཏམ༌ཤུལ་༌གཉིས་༌ནས་༌རྙེད་༌པའི་༌དཔེ་༌ཆ༌་གཉིས་༌པོའི་༌ནང་༌དོན་༌བསྡུས་༌ན༌་རྗེ༌་ཡར་༌བླ་༌བདལ་༌དྲུག་༌གི་༌སྙུང་༌གཞི་༌སླར་༌གསོའི་༌ཐད་༌གོང་༌གསལ་༌གཤེན་༌པོ་༌བཞིས་༌རིམ་༌འགྲོ་༌བཅའ༌་འདོན༌་བྱས་༌ནས་༌སླར་༌ཡབ་༌བླ་༌བདལ་༌དྲུག་༌དྲག་༌སྐྱེད་༌བྱུང་༌ཚུལ་༌སྐོར་༌ཞིག༌་རེད། སྐབས་༌དེར༌་གཤེན༌་རབ་༌མི་༌བོ་༌ཡར་༌བླ་༌བདལ་༌དྲུག༌་དང༌་དུས༌་མཉམ་༌པར་༌བཤད་༌པ་༌ནི༌་ཧང་༌སངས་༌དགོས༌་པ༌་ཞིག་༌ཡིན་༌མིན་༌གྱི་༌ཐད་༌ལ་༌དཔྱོད་༌ལྡན་༌ཚོས་༌མུ༌་མཐུད་༌ནས་༌རྩེད་༌ཞིབ་༌གནང་༌བར་༌མཁྱེན།
____ཞང་ཚུལ་མི་ནས།
ལན། གཏམ་ཤུལ་ཡིག་རྙིང་ནང་དུ་གཤེན་རབ་མྱི་བོས་ལུག་ཅིག་དམར་མཆོད་ཕུལ་ཏེ་ལུག་སྙིང་དང་མིའི་སྙིང་གཉིས་བརྗེས་པའི་སྐོར་གསལ་ཡོད་པ་རེད།
____སྒང་སྐྱེས་ནས།
ཡང་ལན། སྒང་སྐྱེས་ལགས། འདིར་༌ཁྱེད་༌ཀྱིས་༌ཐད་༌ཀར་༌གཤེན་༌རབ༌་མྱི༌་བོས་༌ལུག་༌ཞིག་༌དམར་༌མཆོད་༌ཕུལ་༌བར་༌གསུངས་༌པ་༌ནི༌་ཅུང༌་ཐལ༌་ཆེ༌་ཞིག༌་མ༌་རེད༌་དམ། ཁོ་༌བོས་༌དཔེ་༌ཆ་༌དེ་༌ཉིད་༌ཆེས་༌སྔ་༌མོ་༌ནས་༌མཇལ་༌ཡང་༌དམར་༌མཆོད་༌ཕུལ་༌བའི་༌གནད་༌དོན་༌གང་༌ཡང་༌མ་༌མཐོང་༌། འདི༌་ཙམ་༌ནི་༌དུས་༌རྒྱུན་༌དཔེ་༌ཆ་༌ཁག་༌ནས་༌ཡོང་༌བ༌་ཞིག༌་རེད་༌སྙམ། དྲག་༌སྔགས་༌དབལ་༌མོ༌་དང༌་འདུར་༌གྱི་༌རྒྱུད་༌གཞུང་༌སོགས་༌ནས་༌ཤ༌་ཁྲག་༌གི་༌མཆོད་༌པ་༌ཚན་༌ཆེན་༌གསལ་༌མོད༌་དེ༌་ཚོ༌་དམར་༌མཆོད་༌རེད་༌ཟེར་༌མཁན་༌སུ༌་ཡང༌་མེད། ད་༌དུང་༌སྟོན་༌པ༌་བོད༌་དུ༌་ཕེབས་༌ནས་༌བདུད་༌ཁྱབ་༌པ་༌དང་༌འཐབ་༌དུས། སྐུ་༌ལ་༌གོ༌་ཁྲབ༌་གསོལ་༌ཞིང་༌ཕྱག་༌དུ་༌མདའ་༌གཞུ་༌སྣམ་༌ནས།བདུད༌་མཁར་༌བསྒྱིལ་༌ཏེ༌་བདུད་༌དམག་༌སྟོང་༌ཕྲག་༌བཏོར་༌བར་༌གསུངས་༌པ་༌ནི་༌སྟོན་༌པ་༌ཇག་༌པ་༌དང་༌དམག་༌དཔོན༌་ཡིན་༌པ་༌སྒྲུབ་༌མི༌་ནུས།ད་༌དུང་༌གཤེན་༌ཟ་༌ནེའུ་༌ཆུང་༌གི༌་ནུ༌་མ༌་བྲེག༌་ནས༌་བདུད་༌ཕྲུག་༌ལ་༌སྤྲད་༌པར་༌བཤད་༌པ༌་ནི༌་དེ༌་བཞིན་༌མི་༌གསོན་༌བཤས་༌བྱེད་༌མཁན༌་ཞིག༌་ཡིན༌་པར༌་སྒྲུབ༌་མི༌་ཐུབ་༌པ་༌མ་༌ཟད་༌དེ་༌དག་༌སྟོན༌་པའི་༌རྫུ་༌འཕྲུལ་༌དང་༌ཐུན་༌མིན་༌གྱི་༌མཛད་༌ཕྱོགས་༌ཤིག་༌ཡིན་༌པར་༌ངོས་༌འཛིན་༌ཞུ་༌བ༌་བཞིན་༌གཏམ༌ཤུལ་༌དཔེ་༌རྙིང་༌ལའང་༌དེ༌་བཞིན་༌གོ་༌བ་༌ལེན༌་རྒྱུ༌་ཡོད༌་སྙམ།དང་༌པོ་༌གཏམ༌ཤུལ་༌དཔེ་༌རྙིང་༌བྱོལ་༌རབ་ས་༌ནང་༌གི༌་གཤེན་༌རབ་༌མྱི༌་བོས་༌ཆོ༌་ག༌་བཅའ་༌འདོན་༌བྱེད་༌ཚུལ་༌གསལ་༌བའི་༌སྐོར་༌དེ་༌འདིར་༌ཚན་༌བཤུས་༌བྱེད་༌ནས་༌དམར་༌མཆོད་༌ཕུལ་༌མིན་༌ཐད་༌ལ༌་འགྲེལ་༌བཤད་༌བྱེད་༌ཆོག་༌པ་༌ཞུ། འདིར་༌མི༌་མང་༌པོས་༌ཧོབ་༌བཤད་༌བྱེད་༌ནས་༌སྟོན་༌པ༌་གཤེན་༌རབ་༌ཀྱིས་༌ལུག་༌བཤས་༌ཚུལ༌ཤོད་༌ཀྱི༌་འདུག་༌པས་༌ངེས་༌པར་༌དུ་༌གསལ་༌བཤད་༌བྱེད་༌དགོས་༌པའི་༌གནས་༌ཤིག་༌མཐོང་༌།
དེའང་གཏམ་ཤུལ་ཡིག་རྙིང་ནང་དུ། “ གཤེན༌་རབ༌་མྱི༌་བོ༌་འིས། སྐུ་༌ལ་༌བྱོལ་༌ཅིག་༌གཏང་༌བ༌་དང༌་། ཐར་༌ལུག་༌ཡང་༌ངས་༌བཟུང་༌། བདུད་༌ལ༌་ཡོར༌་མོའི༌་གོང༌་དུ། བྱོལ་༌ཆ༌་སྣ་༌དགུ་༌དང༌་། ཐར་༌ལུག་༌ཡ་༌གངས་༌ཀྱི་༌ཁོང་༌ནས་༌སྙིང་༌ཕྱུང་༌སྟེ། བདུད་༌དར་༌མཐིང་༌ནག༌་ཏུ༌་དྲིལ། ཕྱི་༌ཡི་༌རྒྱན་༌དུ༌་དར་༌དང་༌ཟབ། ནང་༌གི༌་རྒྱན༌་དུ༌་གསེར༌་དང༌་གཡུ། མྱི་༌སྙིང་༌འཕར་༌བ༌་དང༌་། ལུག་༌སྙིང་༌འཕར་༌བ་༌བརྗེ༌་རུ། ལུག་༌སྙིང་༌འཕར་༌བ༌་ནི། དར་༌དཀར་༌རྒུ༌་ལྡོང༌་གྱི༌་ནང༌་དུ༌་གསལ། གདས་༌མ་༌སུ་༌ལ༌་གདས༌་ན། བདུད་༌ཀྱི༌་སྤྱང༌་ངར་༌འདས། བདུད་༌ཀྱི༌་གཟིགས་༌པ་༌ལ། གསེར༌་གྱི༌་གཏུན་༌བུ་༌རྒྱན་༌དུ་༌བཅུག་༌པ་༌དྲའ། ཡབ་༌བླ་༌བདུད་༌མཉེས༌་ནས། རྗེ་༌ཡར་༌བླ་༌བདལ་༌དྲུག༌་གྱི། མྱི་༌སྙིང་༌འཕར་༌བ༌་དང༌་། ལུག་༌སྙིང་༌དུ་༌བརྗེས་༌ཏེ༌་ཕན༌ནོ། ། ” ཞེས་༌པའི་༌གཏམ་༌རྒྱུད་༌ཐུང་༌དེ༌་ཡར་༌བླ་༌བདལ་༌དྲུག་༌གིས་༌གཤེན་༌བཞི་༌གདན་༌དྲངས་༌ཏེ་༌རིམ་༌གྲོ་༌བགྱིས་༌པའི་༌རྒྱུད་༌རིམ༌་ནས༌་གཤེན་༌རབ་༌ཀྱིས་༌རིམ་༌གྲོ༌་གནང་༌ཚུལ་༌སྐོར་༌གྱི༌་ལེ༌་ཚན་༌ཆ་༌ཚང་༌དེ་༌རེད།
གཤེན་༌རབ་༌མྱི་༌བོས་༌སྐུ༌་ལས་༌བྱོལ་༌ཅིག་༌བཏང་༌ཞེས་༌པ༌་ནི༌། སྐུ༌་ལས་༌འོད་༌ཟེར་༌སྤྲོས་༌ཏེ༌་རྫུ༌་འཕྲུལ་༌གྱི་༌ལམ་༌ནས་༌ལུག་༌གི་༌སྙིང་༌བླངས་༌པ་༌ལྟར་༌བྱས༌་ནས་༌དོན་༌ལྔ༌་སྣོད༌་དྲུག༌་གི༌་ཤ༌་ཁྲག་༌ལ་༌ཧ༌་ཅང་༌སྤྲོ་༌བའི༌་བདུད་༌རྗེའི་༌དྲག་༌རྩུབ་༌ཞི་༌ཕྱིར་༌ཁོ༌་པའི༌་སྣང་༌ངོར་༌དེ༌་འདྲའི་༌རྣམ༌་པ༌་ཤར་༌བར་༌མཛད་༌ཡོད་༌པ༌་དོན༌་དངོས་༌རེད། དེ་༌མིན་༌བདུད་༌ཀྱིས་༌ཡར་༌བླ་༌བདལ་༌དྲུག༌་གི༌་སྙིང་༌བླངས་༌ཚར་༌ཡོད་༌ན་ཡབ་བླ༌ འཆི་༌འགྲོ་༌བ་༌ལས་༌སླར་༌ལུག་༌སྙིང་༌ཕུལ་༌ནས་༌ཡབ་༌བླའི་༌སྙིང༌་བདུད་༌རྗེའི་༌ལག་༌ནས་༌ཕྱིར་༌ལེན་༌རྒྱུ་༌མེད་༌པ་༌ནི༌་དངོས་༌ཡོད་༌རེད། དོན༌་དངོས་༌སྐབས་༌དེར་༌ཡབ་༌བླའི་༌རྣམ་༌རྟོག་༌སེལ་༌ཆེད་༌རྫུ༌་འཕྲུལ་༌བསྟན་༌པའི་༌རྣམ་༌པ་༌འདུག་༌སྟེ༌་བདུད༌་ཀྱི༌ས་གཟིགས་༌པ་༌ལ། “ གསེར༌་གྱི༌་གཏུན་༌བུ་༌རྒྱན་༌དུ་༌བཅུག་༌པ་༌དྲའ། ཡབ་༌བླ༌་བདུད་༌མཉེས་༌ནས། ” ༌ཞེས༌་གསལ་༌བས། ༌བདུད་༌ཀྱི༌་སྣང༌་ཚུལ་༌༌ཧ་༌ཅང་༌ཡིད་༌དུ་༌འོང་༌བ་༌མཛེས་༌པའི༌་རྣམ༌་ཅན་༌ཞིག་༌སྣང་༌བར་༌བསྟན་༌འདུག་༌པ༌་ནི༌་རྫུ༌་འཕྲུལ་༌ཡིན་༌པ་༌འགྲེལ་༌ལམ་༌གསལ་༌པོ༌་བཏང་༌འདུག་༌སྙམ། དེ་༌མིན་༌གཤེན་༌རབ་༌ཀྱིས་༌ཁྲག་༌མཆོད༌ཤ༌་བཙོས་༌བྱས་༌ནས་༌ཆོ་༌ག་༌ཞིག་༌བཅའ་༌འདོན་༌བྱས་༌སྐོར་༌གསལ་༌མེད་༌པས༌་དམར་༌མཆོད་༌ཕུལ་༌བ་༌ནི༌་གཏན་༌ནས་༌ཁས་༌ལེན་༌མི་༌རིག
ཕྱོགས་༌གཞན་༌ཞིག་༌ནས་༌བསམ་༌གཞིག་༌བྱེད་༌དགོས་༌པ་༌གཅིག་༌ནི༌་སྐབས་༌དེར་༌ཡར་༌བླ༌་བདལ་༌དྲུག་༌ནི་༌རྒྱལ་༌པོ་༌ཆེན་༌པོ་༌ཞིག་༌ཡིན་༌སྟབས་༌ཁོང་༌གདོད་༌མའི་༌བོན་༌ཆོས་༌དད་༌མཁན་༌ཞིག༌་ཡིན་༌ནས་༌དེ༌་དང་༌འཚམས་༌པའི་༌གཤེན་༌རབ་༌མི་༌བོས་༌ཆོ༌་ག༌་བཅའ་༌འདོན་༌གནང་༌བ་༌ཞིག་༌ཡིན་༌སྲིད༌་པ༌་རེད། དཔེར་༌ན་༌གཤེན་༌རབ་༌མི༌་བོ༌་ཕྱི༌་རོལ་༌པའི་༌སྟོན་༌པའི་༌ཚུལ་༌བཟུང་༌ནས་༌རྟག་༌ལྟ་༌སྡེ་༌དགུ་༌དང་༌ཆད་༌ལྟ་༌སྡེ་༌གསུམ་༌བཅས་༌ཀྱི༌་གཞུང་༌རྒྱས་༌པོར་༌བཤད་༌པ༌་རྟ༌་བུ༌་ཞིག་༌ཡིན་༌མི་༌སྲིད་༌པ་༌ག་༌ལ་༌ཡིན།
____ཞང་ཚུལ་མི་ནས།
ཡང་ལན། ཞང་ཚུལ་མི་ལགས། བཀའ་དྲིན་ཆེ། རྣམ་པ་ཚོས་གླེང་བཞིན་པའི་ཏུན་ཧོང་ཡིག་འཐོར་ལས་གསལ་བའི་ཡབ་བླ་བདལ་དྲུག་སྐོར་གྱི་གཤེན་རབ་མྱི་བོ་དེ་དང་དགའ་ཐང་འབུམ་པའི་ཡིག་འཐོར་ལས་གསལ་བའི་གཤེན་རབ་མྱི་བོ་དེ་གཉིས། བདག་ཅག་གི་སྟོན་པ་གཤེན་རབ་མྱི་བོ་ཆེ་ཡིན་པའི་དབང་དུ་བཏང་ན། དགའ་ཐང་འབུམ་པའི་གཤེན་རབ་དེས་གཏོ་དང་དཔྱད་མ་ཤེས་ནས་སྒམ་ལྷ་བོ་ལྷ་གསས་ལ་གཏོ་དཔྱད་སྐོར་དྲིས་པ་ཞིག་ཡོད་སྣང་ཡོད་དྲན། དེས་ན་བདག་ཅག་གི་སྟོན་པས་མ་མཁྱེན་པའི་གཏོ་དཔྱད་ཅིག་དཀའ་བའི་ཚོད་དུ་ཡོད་ལ། གཞན་དུ་ན་དགའ་ཐང་འབུམ་པའི་གཤེན་རབ་དེས་ཕལ་ཆེར་དམར་མཆོད་ཅུང་ཟད་ཕྱག་ལས་གནང་མེད་འགྲོ་སྙམ་པ་ཞིག་ཡོད་སྣང་འཆར། དེ་ཡིན་ན་འོ་སྐོལ་གྱི་གཤེན་རབ་དེས་ཐེག་དགུ་གང་གི་དབང་དུ་བཏང་ནའང་དམར་མཆོད་འབུལ་གྱི་ཡོད་པའི་གདེང་ཚོད་ནི་ཆེས་དཀའ་བའི་གནས་ཤིག་ཏུ་འཁུམ། འོན་ཀྱང་ད་ལྟ་དེབ་དེ་ལག་ཏུ་མེད་སྟབས་གསལ་པོ་ཞུ་མ་ཤེས་ཀྱང་། མདོར་ན་འདིའི་གཤེན་རབ་དེ་དང་སྟོན་མཆོག་གཤེན་རབ་གཉིས་གཅིག་ཡིན་མིན་གྱི་གནད་ལ་དཔྱད་པ་མཐར་སོན་ཞིག་བྱུང་ན་མ་གཏོགས་ཐག་གཅོད་དཀའ་བའི་གནས་ཤིག་ཏུ་ཨེ་ཡིན་སྙམ་པ་ནི་ཁོ་བོའི་རྣམ་རྟོག་ཙམ་ལགས།
____གཏོ་སྒྲོམ་ནས།
ཡང་ལན། སྐུ་༌ཉིད་༌ཀྱིས་༌གཏམ༌ཤུལ་༌དགའ་༌ཐང་༌འབུམ་༌ཆེའི་༌དཔེ༌་རྙིང༌་དང༌་ཏུན་༌ཧོང་༌གཏེར་༌ཡིག་༌གཉིས་༌ནས་༌གསལ་༌བའི་༌གཤེན་༌རབ་༌མྱི་༌བོ༌་ཞུ༌་བའི་༌མི་༌སྣ་༌དེ་༌སྟོན་༌པ་༌གཤེན་༌རབ་༌མི་༌བོ་༌ཡིན་༌མིན་༌ལ་༌དོག་༌སློང༌་གནང་༌བ༌བཀ་འ༌དྲིན་༌ཆེ། གཅིག་༌བྱས་༌ན་༌བདག་༌ཅག་༌སྟོན་༌པ་༌མ༌་ཡིན༌་པའི་༌གཤེན་༌རབ་༌མྱི་༌བོ་༌ཞེས༌་པའི༌་མི༌་སྣ༌་ཞིག་༌ལོ་༌རྒྱུས་༌ཀྱི་༌ངོ་༌ནས༌་ཡོད༌་ཆོག༌་པ༌་རེད།་ སྟོན་༌པ་༌ཞེས་༌པའི་༌ཐ་༌སྙད་༌འདི་༌ཡ༌་ཐོག་༌སྲིད་༌པ་༌རྒྱུ་༌ཡི་༌བོན་༌གཞུང་༌ནས་༌གསལ་༌གྱི༌་མེད༌་པ༌་ནི༌་ཁོ༌་ཅག༌་གིས༌་སྟོན་༌པ་༌མི་༌བརྩི་༌བས་༌རེད་༌སྙམ། གཏམ༌ཤུལ་༌ནས་༌ཐོན་༌པའི་༌དཔེ་༌རྙིང་༌འདི་༌ནི༌་གདོད་༌མའི་༌བོན་༌གྱི༌་ཆོ༌་ག༌་ཆོས༌་ལུགས་༌གཙོ་༌བོར་༌ཐོན་༌པའི་༌དཔེ་༌རྙིང་༌ཞིག་༌ཡིན་༌སྟབས། ཁོ་༌པའི་༌ཁོར་༌ཡུག་༌དང་༌བསམ་༌བློའི་༌སྣང་༌ཚུལ་༌དད་༌མོས༌་འདུ༌ཤེས་༌ཀྱི༌ཤུགས༌་ཆེར༌་བཅིང་༌བ༌་ནི༌་ཟུར༌་བལྟས་༌ལེབ་༌མཐོང༌་རེད། གཡུང་༌དྲུང་༌བོན་༌རང་༌གཞུང༌་གི་༌མཛད་༌མདོ་༌དང་༌གསུང་༌རབ་༌ནས་༌བཤད་༌པའི་༌སྟོན་༌པ་༌གཤེན་༌རབ་༌ཀྱི༌་མཛད་༌ཕྱོགས༌་དང་༌། གདོད་༌མའི་༌བོན༌་ཆོས༌་ཀྱི༌་ཁྲོད་༌ནས་༌ཐོན་༌པའི་༌སྟོན་༌པ་༌གཤེན་༌རབ་༌གཉིས་༌ཀྱི༌་མཛད་༌འཕྲིན་༌ཐད་༌ལ་༌ཆོས་༌ལུགས་༌གསར༌་རྙིང༌་དང་༌ལྟ༌་གྲུབ་༌ལངས་༌ཕྱོགས༌་ཀྱི༌་ཐོག༌་ནས༌་མི༌་འདྲ་༌བའི་༌ཧེ་༌བག་༌ཐོན་༌པ་༌ནི་༌དངོས་༌ཡོད་༌གནས་༌ཚུལ་༌རེད། དེ༌་ཕྱིར་༌འདིར་༌གསལ་༌བའི་༌གཤེན་༌རབ་༌མི་༌བོས་༌བོན་༌གསུང་༌དུས་༌སྐུ༌་ལས་༌འོད་༌ཟེར་༌སྤྲོས་༌ཚུལ་༌དང་༌། འཁོར་༌གྱིས་༌ཕེབས་༌བསུ་༌བྱས་༌སྟངས། དེ་༌བཞིན་༌ས་༌གཡོ་༌རི༌་འགུལ་༌སོགས་༌འགྲོ་༌བ་༌ཐུན་༌མོང་༌གི༌་སྣང༌་ཚུལ༌་ལས་༌བརྒལ་༌བའི་༌ཡ་༌མཚན་༌གནས་༌གང་༌ཡང་༌མ༌ཐོན་༌པ་༌ནི་༌ཐེག་༌པ༌་དམན་༌པའི་༌ལུགས་༌ཀྱི་༌དབང་༌དུ་༌བྱེད་༌ནས་༌བཤད་༌ཆོག ཁོ༌་བོས༌་འདིར་༌གསལ་༌བའི༌་གཤེན་༌རབ་༌མྱི་༌བོ་༌དང་༌སྟོན་༌པ་༌གཤེན་༌རབ་༌གཉིས་༌མི༌་གཅིག་༌ཡིན་༌པར་༌ངོས་༌འཛིན་༌ཞུ༌་བཞིན་༌ཡོད།
གོང་༌གསལ་༌གཏམ༌ཤུལ་༌དཔེ་༌རྙིང་༌ནས་༌གཤེན་༌རབ་༌མྱི༌་བོས༌་དམར་༌མཆོད་༌ཕུལ་༌ཚུལ་༌དང༌་གཏོ༌་དཔྱད་༌མ༌ཤེས་༌ནས་༌སྒམ་༌ལྷ་༌བོ་༌ལྷ་༌སྲས་༌ལ་༌དྲིས་༌ཚུལ་༌གསལ་༌བ་༌ཁོ་༌བོས་༌མ་༌མཐོང་༌། མ་༌གཞི་༌དཔེ་༌ཆ༌་འདིའི་༌ནང་༌ནས་༌གཤེན༌རབ་༌མྱི་༌བོ་༌ནི་༌མི་༌ངན་༌ཐ༌ཤལ་༌ཞིག་༌ཡིན་༌ཚུལ༌་གསལ་༌བསྡད༌་ན༌་ཧང་༌སངས་༌དགོས་༌པ་༌མ་༌རེད་༌འདི་༌ནི༌་གདོད༌་བོན་༌གྱི་༌དཔེ་༌ཆ་༌ཞིག་༌ཡིན་༌པས། ཁོ་༌པའི་༌ཁོར་༌ཡུག་༌ནས་༌སྟོན༌་པ༌་གཤེན་༌རབ་༌ལ་༌ཅ་༌ཅོར་༌གྱི༌་ལབ་༌གླེང་༌མང་༌པོ་༌ཡོད་༌ཆོག་༌པ་༌ནི་༌རིག་༌གཞུང་༌གསར་༌རྙིང་༌གི༌་རྒྱུད༌་རིམ༌་ནས་༌ཤེས། གང་༌ལྟར་༌འདི་༌ནི༌་སྟོན་༌པ་༌གཤེན་༌རབ་༌མི༌་བོ༌་ཡིན་༌པར་༌འདུག་༌སྟེ། གཏམ༌ཤུལ་༌དཔེ་༌རྙིང་༌བྱོལ་༌རབས་༌ལས། “ གཤེན་༌རབ་༌མྱིའི་༌གསས་༌རྟ་༌དྲོ་༌བཞུར་༌ནི༌་སྒས༌་བསྟད་༌དེ། རྔ་༌དིང་༌ཆེན་༌དིང་༌དྲགས་༌རྒྱབ་༌ལ་༌ཁུར། གཤང་༌ཁྲི་༌ལོ༌་སྐད༌་སྙན་༌མཆན༌་ལ༌་གསལ། ཞེས་༌དང༌། བརྒྱུགས་༌ཡང་༌བྱེ༌་ལ༌་བརྒྱུགས། འོལ་༌ཕུ༌ གཡང༌་གང༌་ན། འོལ་༌ཕུ་༌ལུང་༌རིངས་༌ན། ” ཞེས་༌གསལ་༌བ་༌འདི་༌ཚོས༌་སྟོན༌་གཤེན༌་རབ༌་མི༌་བོའི་༌ཕྱག་༌ཆ་༌རྔ༌་སྟོང༌་རི༌་ཆིམ་༌པ་༌དང་༌། གཤང་༌ཁྲི་༌ལོ་༌རྣམ་༌གྲགས། འཁྲུངས༌་ཡུལ་༌འོལ་༌མོ་༌ལུང་༌རིང་༌བཅས་༌གསལ་༌སྟོན་༌བྱས་༌པ་༌མ་༌རེད་༌དམ། ཡང་ན་འདི་༌ཚོ༌་གཤེན་༌རབ་༌མྱི་༌བོ༌་གཞན་༌ཞིག་༌གི༌་ཕྱག༌་ཆ༌་དང་༌ས༌་གནས༌་ཡིན་༌ཟེར༌་ན༌་དོན༌་དངོས་༌དང་༌འབྱོར་༌བའི༌་གཏམ་༌ཞིག་༌ཡོང་༌ངམ།
____ཞང་ཚུལ་མི་ནས།
ཡང་ལན། ཞང་ཚུལ་མི་ལགས། སྐུ་ཉིད་ནས་དོ་སྣང་ཆེན་པོས་བཀའ་ལན་གནང་བ་ལེགས་གསོལ་ཞུ། ངོས་རང་ནས་གཞན་པའི་གལ་འགང་ཅན་གྱི་ཞུ་བྱ་གང་ཡང་མ་མཆིས་མོད་ཀྱི། བསམ་ཚུལ་མ་མཐུན་པ་ཙམ་དུ་སླར་ཡང་རང་ཉིད་ཀྱི་ཚོར་སྣང་ཙམ་ཞུ་བ་ལ། སྐུ་ཉིད་ནས། གཤེན་རབ་མྱི་བོ་འིས། སྐུ་ལས་བྱོལ་གཅིག་གཏང་བ་དང་། ཟེར་བ་དེ་སྐུ་ཉིད་ནས་འོད་ཟེར་སྤྲོས་ཏེ་རྫུ་འཕྲུལ་འགྱེད་པ་ལ་འགྲེལ་གནང་འདུག ཁོ་བོ་ལ་ལྟོས་ན་བྱོལ་ཞེས་པ་དེ་འོད་ཟེར་དང་ཡང་ན་རྫུ་འཕྲུལ་འགྱེད་པའི་དོན་ལ་ཡིད་ངོར་འཆར་ཐབས་མི་འདུག འོན་ཀྱང་ཟློས་སྟངས་འདི་ལ་སྔ་རབས་པའི་དམིགས་བསལ་གྱི་བརྡ་དག་གི་འགྲོ་སྟངས་འདྲ་ཡོད་ན་ཅི་ཆ།
གཞན་ཡང་སྐུ་ཉིད་ནས་ “གང་༌ལྟར་༌འདི་༌ནི༌་སྟོན་༌པ་༌གཤེན་༌རབ་༌མི༌་བོ༌་ཡིན་༌པར་༌འདུག་༌སྟེ། གཏམ༌ཤུལ་༌དཔེ་༌རྙིང་༌བྱོལ་༌རབས་༌ལས། ‘ གཤེན་༌རབ་༌མྱིའི་༌གསས་༌རྟ་༌དྲོ་༌བཞུར་༌ནི༌་སྒས༌་བསྟད་༌དེ། རྔ་༌དིང་༌ཆེན་༌དིང་༌དྲགས་༌རྒྱབ་༌ལ་༌ཁུར། གཤང་༌ཁྲི་༌ལོ༌་སྐད༌་སྙན་༌མཆན༌་ལ༌་གསལ། ཞེས་༌དང༌། བརྒྱུགས་༌ཡང་༌བྱེ༌་ལ༌་བརྒྱུགས། འོལ་༌ཕུ༌ག་ཡང༌་གང༌་ན། འོལ་༌ཕུ་༌ལུང་༌རིངས་༌ན། ’ ཞེས་༌གསལ་༌བ་༌འདི་༌ཚོས༌་སྟོན༌་གཤེན༌་རབ༌་མི༌་བོའི་༌ཕྱག་༌ཆ་༌རྔ༌་སྟོང༌་རི༌་ཆིམ་༌པ་༌དང་༌། གཤང་༌ཁྲི་༌ལོ་༌རྣམ་༌གྲགས། འཁྲུངས༌་ཡུལ་༌འོལ་༌མོ་༌ལུང་༌རིང་༌བཅས་༌གསལ་༌སྟོན་༌བྱས་༌པ་༌མ་༌རེད་༌དམ། ཡང་ན་འདི་༌ཚོ༌་གཤེན་༌རབ་༌མྱི་༌བོ༌་གཞན་༌ཞིག་༌གི༌་ཕྱག༌་ཆ༌་དང་༌ས༌་གནས༌་ཡིན་༌ཟེར༌་ན༌་དོན༌་དངོས་༌དང་༌འབྱོར་༌བའི༌་གཏམ་༌ཞིག་༌ཡོང་༌ངམ། ” གསུངས་འདུག འདི་ལ་ཡང་ཕྱི་ནུད་མེད་པའི་ངེས་པ་གང་ཡང་མ་རྙེད་དེ། བདག་ཅག་གི་སྟོན་པ་ལ་ཆིབས་གསས་རྟ་དྲོ་ཞུར་ཞེས་པ་ཞིག་ཡོད་པ་གང་དུ་ཡང་མཐོང་ཐོས་མེད་ལ། རྔ་དིང་ཆེན་དིང་དྲག ཟེར་བ་དང་། གཤང་ཁྲི་ལོ་སྐད་སྙན་ཞེས་པ་སོགས་ནི་ཁོ་བོ་ལ་མཚོན་ན་རྔ་གཤང་གི་སྤྱི་མིང་ཙམ་ལས་སྟོན་པ་གཤེན་རབ་སྐུ་སྒེར་ཕྱག་ཆ་ངེས་པ་ཅན་ཞིག་ལ་གོ་བ་གང་ཡང་ཡོང་གི་མི་འདུག དེ་བཞིན་ “ འོལ་ཕུ་གཡང་གང་ན། འོལ་ཕུ་ལུང་རིང་། ” ཞེས་པ་དེས་འོལ་མོ་ལུང་རིང་ཡིན་པའི་ངེས་ཤེས་བརྟན་པོ་གང་ཡང་འདྲོང་གི་མི་འདུག གང་ཡིན་ཞུ་ན། འོལ་སྒྲ་ཅན་གྱི་ས་ཆ་མང་དག་ཅིག་ཡོད་པར་སྣང་སྟེ། ལྷག་ཏུ་ཉེ་ཆར་ར་སེ་དཀོན་རྒྱམ་སོགས་ཀྱིས་དེ་དང་མཚུངས་སྒྲའི་ལུང་པ་ཞིག་ལྷོ་ཁ་དེ་ཤེད་ཅིག་ཏུ་ཡོད་སྐད་དང་། དེ་ཉིད་གཤེན་གྱི་འཁྲུངས་ཡུལ་ཡིན་པ་བཤད་མོད་ཅི། གུས་པར་མཚོན་ན་ཀླད་པ་ལྗང་ཁུའི་མི་རྒན་གྱི་གྲས་སུ་གཏོགས་པ་ཡིན་ནའམ། ཡང་ན་སྐད་གྲགས་ཅན་གྱི་བོད་རིགས་པའི་ཞིབ་འཇུག་པའི་མཁས་ཆེན་རྣམས་པའི་སློབ་གསོ་མ་ཐེབས་པས་ལན་པ་ཇི་ལྟར་ཡང་། ཐེག་པ་ཆེ་ཆུང་གང་གི་ལུགས་སུ་འགྲེལ་ནའང་སྟོན་པའི་ཆ་ལུགས་དང་། མཛད་པ་སོགས་རྣམ་ཐར་རྒྱས་འབྲིང་སོགས་ལས་གསལ་བ་ལྟ་བུ་ཞིག་ཡོད་པར་རློམས་ནས་བསྡད་ཡོད།
གཏོ་དཔྱད་མ་ཤེས་ནས་སྒམ་ལྷ་བོ་ལ་དྲིས་སྐོར་སོགས་ཅིག་གཏམ་ཤུལ་ཡིག་འཐོར་དུ་ཡོད་སྣང་འདུག་ཀྱང་དེབ་དེ་ད་ལྟ་ལག་ཏུ་མེད་སྟབས་ཞུ་མ་ཤེས། ཁྱེད་རྣམ་པས་འདིའི་སྐོར་བརྟག་དཔྱད་གནང་བཞིན་པས་མ་གཟིགས་ན་ཕལ་ཆེར་མེད་ཤས་ཆེ་ལ། ཁོ་བོའི་ལོག་རྟོག་ཙམ་དུ་ཡིན་སྲིད། གཞན་ཡང་ཁྱེད་ཀྱིས་གཤེན་རབ་མྱི་བོ་དེས་ལུག་ཅིག་ཐད་ཀར་དམར་མཆོད་ཕུལ་བ་རེད་ཟེར་ན་ཐལ་ཆ་ཆེ་བ་རེད་གསུངས་འདུག ང་ལ་ལྟོས་ན་དེ་ནི་དྲང་གཏམ་ཞིག་ལས་ཐལ་ཆ་ཡོད་པའི་གཏམ་དུ་གང་ཡང་མ་མཐོང་། གང་ཡིན་ཞུ་ན། འདིའི་ནང་གི་གཤེན་རབ་དེས། ཕལ་སྐད་ཀྱིས་སྨྲས་ན། ལ་ཞིག་གི་གོང་དུ། ལུག་ཅིག་བཟུང་ནས་ཁོག་པའི་སྙིང་ཕྱུང་ནས་དར་ནང་དུ་དྲིལ་ཏེ་སྦྱིན་བདག་གི་གླུད་དུ་བཏང་ཡོད། དེ་ལ་དམར་མཆོད་མི་ཟེར་ན། གཞན་གྱིས་གོ་ན་འགྲོག་འགོ་ལངས་དགོས་པའི་བོན་པོའི་དམར་མཆོད་ཅིག་གང་དུ་ཡོད། ལར་མཁས་པས་དྲང་ངེས་བཤད་པས་འགྲེལ་ན། དོར་ཞིས་ཚངས་དབྱངས་ཀྱི་སྲེད་གླུ་ཡང་གསང་སྔགས་ཀྱི་ཉམས་མགུར་དུ་འགྲེལ་ཆོག དེ་ལྟ་མོད་ཀྱི་སྔ་རབས་པས་བྲིས་པའི་ཡིག་འཐོར་འདི་དག་ལ་དྲང་ངེས་ཀྱི་སྒོག་ཤུན་མང་པོ་ཞིག་བཤུ་རུ་ཡོད་མེད་ནི་བཤད་དཀའ་ཙམ་དུ་ལགས་སྙམས།
____གཏོ་སྒྲོམ་ནས།
ཡང་ལན། གཏམ་ཤུལ་ཡིག་རྙིང་ནང་དུ་གསལ་བའི་གཤེན་རབ་མྱི་བོ་དང་། བདག་ཅག་གི་སྟོན་པ་གཤེན་རབ་གཉིས་མི་བོ་གཉིས་གང་ཟག་གཅིག་མིན་ཐད་ལ་གཏམ་ཤུལ་ཡིག་རྙིང་དང་འབྲེལ་བའི་སྒོ་ནས་བསམ་ཚུལ་མང་པོ་ཞིག་ཞུ་རྒྱུ་ཡོད་ཀྱང་། ཕྲན་སློབ་གཉེར་བ་ཡིན་སྟབས་དུས་ཚོད་གསེར་ལས་དཀོན་པ་གཅིག ཆུང་དྲགས་པའི་ཁ་པར་ནང་དུ་ཡིག་གེ་འབྲི་རྒྱུ་ལ་ངལ་བ་ཆེ་དྲགས་པ་སོགས་ཀྱིས་རྐྱེན་པས་བསམ་ཚུལ་ཞུ་ཐུབ་མ་བས་དགོངས་འགལ་མེད་པར་ཞུ། གང་ལྟར་ཁྱེད་དང་ང་གཉིས་འདོད་པ་མི་མཐུན་པ་ཅུང་ཟད་ཡོང་གི་འདུག དེ་ནི་ཧང་སང་དགོས་ཡ་ཞིག་ག་ལ་ཡིན་ཏེ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། མི་རེའི་ཁོང་ན་མི་མཐུན་ཚད་མ་རེ། དེ་ཡི་རྒྱབ་རྟེན་རྡོ་རྗེའི་དཀའ་ལུང་རེ། ཞེས་གསུངས་པ་ལྟར། མི་སོ་སོ་ལ་ཐུན་མིན་གྱི་འདོད་དོན་རེ་ཡོད་ངེས་སྟབས། དཔེ་རྙིང་ལ་དཔྱད་སྐབས་ཀྱང་། སོ་སོའི་འདོད་པ་དང་བསྟུན་ཏེ་དགོངས་དོན་འགྲེལ་ཆོག་པ་རེད་ལ། གླེང་ཆོག་པ་རེད། དེར་བརྟེན་ཁྱེད་ཀྱིས་གོང་གསལ་དཔེ་རྙིང་དེ་ལ་ཐུགས་སྣང་ཆེན་པོ་གནང་སྟེ་ཞིབ་ཚགས་བྱས་བཀླགས་ནས་བསམ་ཚུལ་སྤེལ་བ་ལ་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ།
____ཞང་ཚུལ་མི་ནས།