ཞང་ཞུང་གི་གནའ་ཤུལ་གྲགས་ཅན་ག་པར་ཡོད་དམ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཤེས་རབ།
དྲི་བ། ཞང་ཞུང་གི་གནའ་ཤུལ་གྲགས་ཅན་ག་པར་ཡོད་དམ།
ལན། དེའང་སྔོན་ཞང་ཞུང་གི་རྒྱལ་ས་གྲགས་ཆེ་བ་དབུས་ཕྱོགས་སུ་མཁར་བཞི་དང་། ཕྱོགས་ཀྱི་རྫོང་བཞི་བཅས་ཡོད་ལ། མཁར་བཞི་ནི། ཁྱུང་ལུང་དངུལ་མཁར། སྤུ་ཧྲེང་སྟག་ལ་མཁར། སྨེ་ཤང་བྱི་བ་མཁར། མ་པང་སྤོས་མོ་མཁར་དང་བཞིའོ། །ཕྱོགས་ཀྱི་རྫོང་བཞི་ནི། དྭང་ར་ཁྱུང་རྫོང་། སེ་རིབ་འབྲུག་མོ་རྫོང་། རུ་ཐོག་སེང་གེ་རྫོང་། མང་ཡུལ་སྟག་མོ་རྫོང་། གཞན་ཡང་སྦིལ་ཏི་ཧྲང་རྫོང་སོགས་མང་ཞིག་ཡོད་སྐད་དོ། །དེང་གཙོ་བོ་བོད་ལྗོངས་མངའ་རིས་ས་ཁུལ་གྱི་གངས་ཏི་སེའི་ཁོར་ཡུག་དང་རུ་ཐོག སྤོས་རི་ངད་ལྡན་དང་ཁྱུང་ལུང་དངུལ་མཁར་སོགས། དེ་བཞིན་ནག་ཆུ་ས་ཁུལ་ཉི་མ་རྫོང་ཁོངས་དྭང་ར་དང་རྟ་སྒོ་སོགས། ཆབ་མདོ་ས་ཁུལ་ཁ་རུབ་དང་ཁྱུང་ཡུལ་སྟེང་ཆེན་སོགས་ནས་དེང་ཚན་རིག་པས་ཉམས་ཞིབ་བྱས་པའི་གྲུབ་དོན། ལོ་སྟོང་ཕྲག་བཞི་ལྔའི་གོང་གི་གནའ་རྫས་དང་ཡིག་རིགས། དགོན་ཤུལ་སོགས་ཇི་སྙེད་ཅིག་དོན་བཞིན་ཡོད། །