མུ་ཆོ་དེ་གསུམ་གང་ཟག་གཅིག་ཡིན་ནམ།
རྩོམ་བྲིས་པ། རྩོམ་སྒྲིག་པ་དགེ་སྲིད་པའི་མིག དྲི་བ་གཏོང་མཁན། དགེ་བདག་མེད་འཇག་སྐྱ།
དྲི་བ། གདུང་ཚོབ་མུ་ཆོ་ལྡེམ་དྲུག་དང་། སྲིན་བོན་མུ་ཆོ། དམྱལ་བའི་འདུལ་དཔོན་མུ་ཆོ་ལྡེམ་དྲུག་གསུམ་གང་ཟག་གཅིག་ཡིན་ནམ།
ལན། གདུང་འཚོབ་མུ་ཆོ་ལྡེམ་དྲུག་ནི། སྟོན་པ་གཤེན་རབ་ཀྱི་གདུང་སྲས་ཡིན། འདུལ་གཤེན་མུ་ཆོ་ལྡེམ་དྲུག་ནི། སྟོན་པས་རྣམ་འགྱུར་གཞན་དུ་སྤྲུལ་པ་ཞིག་ལ་ངོས་འཛིན་གནང་ཡོད། སྟོན་པས་རིགས་དྲུག་འདུལ་བའི་དོན་དུ་འདུལ་བ་གཤེན་དྲུག་གི་སྐུ་རུ་བཞེངས་ནས་སེམས་ཅན་གྱི་དོན་མཛད་པའི་རྣམ་པ་ཞིག་ཡིན་པར་འདོད། སྲིན་བོན་མུ་ཆོ་ནི། མུ་ཆོ་ཁྲོམ་འདུལ་ལས་གསལ་བའི་གཡེན་འདུལ་སོ་གསུམ་ཀྱི་ནང་ཚན་བཅུ་པ་སྲིན་བོན་མུ་ཆོ། ཞེས་པ་དེ་ཡིན་པ་འདྲ། དེ་ནི་སྟོན་པའི་འཁོར་གྱི་བར་པ་ཡིན་གསུངས་ཡོད།།
112800cookie-checkམུ་ཆོ་དེ་གསུམ་གང་ཟག་གཅིག་ཡིན་ནམ།