བོན་ལུགས་ཀྱི་ཁམས་ཆེན་པོ་བརྒྱད་དང་མཚོན་བྱེད་ཞེ་ལྔ་ཞེས་པ་དེ་རྣམས་གང་དང་གང་ཡིན་ནམ། །
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་འདོན་མཁན། བོན་བུ།
ལན། དང་བོ་མཚོན་བྱ་ཁམས་ཆེན་པོ་བརྒྱད་ནི། སྲིད་ཁམས། རྒྱུན་ཁམས། སྣང་ཁམས། སྟོང་ཁམས། སོ་སོར་གསལ་བའི་ཁམས། དབྱིངས་ཁམས། རིག་པའི་ཁམས། མཉམ་ཁམས་དང་བརྒྱད་དོ།།
མཚོན་བྱེད་ཡན་ལག་བཞི་བཅུ་ཞེ་ལྔ་ནི། སྲིད་ཁམས་ལ་བརྒྱད། རྒྱུན་ཁམས་ལ་བདུན། སྣང་ཁམས་ལ་དྲུག སྟོང་ཁམས་ལ་དྲུག སོ་སོའི་ཁམས་ལ་བཞི། རིགས་ཁམས་ལ་ལྔ། དབྱིངས་ཁམས་ལ་ལྔ། མཉམ་ཁམས་ལ་བཞི་བཅས་སོ། །དེའང་ནམ་རྒྱུན་བློ་འཇག་བདེའི་ཆེད་དུ་དགེ་རྒན་རྣམ་པས་བསྡོམས་ཚིག་འདི་ལྟར་ཞིག་གནང་སྲོལ་འདུག བརྒྱད་དང་བདུན་དང་དྲུག་དང་དྲུག །བཞི་དང་ལྔ་དང་ལྔ་དང་བཞི། །ཞེས་སོ། །
དང་པོ་སྲིད་ཁམས་ཡན་ལག་བརྒྱད་ནི། ཐེག་ཆེན་སེམས་བསྐྱེད། སེམས་སྤྱོད། མོས་སྤྱོད་ལམ། མཐོང་ལམ། སྒོམ་ལམ། གཡོ་རྩོལ། བྲལ་འབྲས། རྟོགས་པའི་ཁྱད་པར་སྤངས་པའི་ཁྱད་པར་དང་བརྒྱད་དོ། །
གཉིས་པ་རྒྱུན་ཁམས་མཚོན་བྱེད་ཡན་ལག་བདུན་ནི། བསྒྲུབ་བྱའི་འབྲས་བུ། བསྒྲུབ་གཞིའི་རྟེན། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། བར་ཆད་མེད་པའི་ཏིང་འཛིན་དང་བདུན་ནོ། །
གསུམ་པ་སྣང་ཁམས་ཀྱི་ཡན་ལག་དྲུག་ནི། ཡོད་པར་སྟོན་པའི་གཞི། ཐུན་མོང་གི་ལམ་བླ་མེད་ཕྱིན་བཅུ། མཉམ་བཞག་རྣམ་པར་མི་རྟོགས་པའི་ལམ། རྗེས་ཐོབ་དག་པའི་ལམ། བར་ཆད་མེད་པའི་རྣམ་དག ཤིན་ཏུ་རྣམ་པར་དག་པ་དང་དྲུག་གོ། །
བཞི་པ་སྟོང་ཁམས་ཀྱི་ཡན་ལག་དྲུག་ནི། གཞི་སྐྱེ་མེད། ལམ་སྐྱེ་མེད། འབྲས་བུ་སྐྱེ་མེད། སྒོམ་བྱེད་ཀྱི་སྦྱོར་བ། བསྒོམ་བྱའི་ཡུལ། སྒོམ་བྱེད་རྟེན་གང་ཟག་དང་དྲུག་གོ། །
ལྔ་པ་སོ་སོའི་ཁམས་ཀྱི་ཡན་ལག་བཞི་ནི། བདེན་གཉིས་དམིགས་རྣམས་ལྡན་པའི་མོས་སྤྱོད་ཡན་ལག མཐོང་ལམ། སྒོམ་ལམ། བར་ཆད་མེད་པའི་ཏིང་འཛིན་དང་བཞིའོ། །
དྲུག་པ་རང་རིག་པའི་ཁམས་ལ་ཡན་ལག་ལྔ་ནི། ཤེས་བྱ་གཞི་ཡི་གནས་ལུགས། གསལ་ཆ་སྒོམ་བྱའི་ཡུལ། ཕྱིར་མི་ལྡོག་པའི་གང་ཟག སྒོམ་པའི་ངོ་བོ་ཏིང་ངེ་འཛིན། འབྲས་བུ་རྒྱུན་མཐའི་ཡེ་ཤེས་དང་ལྔའོ། །
བདུན་པ་དབྱིངས་ཁམས་ཀྱི་ཡན་ལག་ལྔ་ནི། སྤང་བྱ། དབྱིངས་ཀྱི་གནས་ལུགས། ཡུལ་ཅན་ས་བཅུ་རྒྱུན་མཐའི་ཏིང་འཛིན། ལེགས་པའི་ཡོན་ཏན་མཚན་དང་དཔེ་བྱད། ཡོན་ཏན་ཐོབ་བྱེད་རྒྱུ་དང་ལྔའོ། །
བརྒྱད་པ་མཉམ་ཁམས་ཀྱི་ཡན་ལག་བཞི་ནི། བོན་སྐུ་བདེ་བ་ཆེན་པོ། ལོངས་སྤྱོད་རྫོགས་སྐུ། ཅིར་ཡང་སྤྲུལ་སྐུ། མི་དམིགས་པ་ཐིག་ལེ་གཅིག་ལ་འཇོག་པའི་ངོ་ཉིད་སྐུ་དང་བཞིའོ། །