བོད་དུ་འཁོར་སྡེ་བཞི་ཡ་བརྒྱད་ཀྱི་དགོན་སྡེ་ཐོག་མ་གང་དང་གང་རེད།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། མྱི་གངས་དཀར།
དྲི་བ། ཞང་བོད་ལྗོངས་སུ་འཁོར་སྡེ་བཞི་ཡ་བརྒྱད་ཀྱི་དགོན་སྡེ་ཐོག་མ་གང་དང་གང་ཡིན་ནམ།
ལན། ཞང་བོད་ལྗོངས་སུ་ཞང་ཞུང་ཡུལ་གྱི་འདུལ་བའི་མཁན་པོ་གཙུག་ཕུད་ཚུལ་ཁྲིམས་ལ་མཁན་བུ་བཞི་བྱུང་སྟེ། ག་ཆུ་གཙུག་ཕུད་རྒྱལ་མཚན། ཡ་གོང་ཡེ་ཤེས་རྒྱལ་མཚན། འཕམ་ཤི་དཔལ་གྱི་དབང་ཕྱུག ལྡེ་བཙུན་རབ་གསལ་དང་བཞི་བྱུང་། དེ་བཞིའི་རིང་ལ་གནས་སྡེ་ཆེན་པོ་བཞི་བཞེངས། ག་ཆུས་བྱང་འདམ་ཤོད་སྣར་མོ་ལྗོངས་སུ། གཡུང་དྲུང་ཁྲི་འདུལ་གྱི་ལྷ་ཁང་བཞེངས། བྲ་ནག་རྟ་སྒོ་སུམ་ལག་ཏུ། ཁྲི་འདུས་གསང་བའི་དགོན་པ་བཞེངས། བོན་གྱི་འཁོར་ལོ་སྐོར། ཡ་གོང་གིས་ལྷ་ས་ཡེར་པའི་ཀླངས་་སུ་བདུད་འདུལ་གཡུང་དྲུང་ཁྲིམས་གནས་ཀྱིས་ལྷ་ཁང་བཞེངས། བདུད་པོ་པིར་རྡོང་ཚར་བཅད། འཕམ་ཤིས་ལ་སྟོང་གྲམ་པ་རུ་ཁྲི་འདུས་འོད་ཀྱི་ལྷ་ཁང་བཞེངས། ཉན་ཤད་རྐ་བཞི་བོན་གྱི་སྟོན་པ་མཛད། ལྡེ་བཙུན་གྱིས་ར་སར་གཡུང་དྲུང་རོལ་པའི་ལྷ་ཁང་བཞེངས། གཡས་རུ་གཡོན་རུ་རྣམས་ལ་གནས་ཕྲན་བཅུ་གཉིས་བརྩིགས། ཞེས་འདུལ་བ་གླིང་གྲགས་ལས་གསུངས་པ་ལྟར་སྐབས་དེ་དུས་ཀྱི་འདུལ་བའི་གནས་སྡེ་བཞི་ཡི་དགོན་གནས་ཐོག་མ་དེ་ཚོ་ཡིན་པར་ངེས།