ཕྱྭ་དང་དམུ་ཡད་སོགས་ཀྱི་གོ་དོན་གང་ཡིན་ནམ།
རྩོམ་བྲིས་པ། གཡུང་དྲུང་བློ་གྲོས། དྲི་བ་འདོན་མཁན། རབ་འཕེལ།
ལན། བོན་གྱི་ཆོ་ག་གཡང་སྒྲུབ་དང་ཚེ་སྒྲུབ་ནང་ཕྱྭ་དང་དམུ་ཡད་ཞེས་མང་པོ་ཐོན་ཡོང་གི་འདུག།དེའི་སྐོར་འགྲེལ་མི་འདྲ་བ་འགའ་འདུག ཕྱྭ་ཞེས་པ་དེ་སྲོག་དང་འབྲེལ་བའི་ཚིག་ཞིག་ཡིན་སྐོར་གསུང་མཁན་ཡང་འདུག གཡང་འབོད་གི་སྐབས་སུ་ཕྱྭ་གཡང་དང། ཚེ་སྒྲུབ་ཀྱི་སྐབས་སུ་ཕྱྭ་ཚེ་ཞེས་པ་མང་པོ་འདུག ཕྱྭ་ནི་གཡང་ལ་གོ་བ་མིན་འགྲོ་བསམ་བསམ་ཞིག་འདུག དཔེར་ན་སྐུ་ཡི་ཕྱྭ་ཚེ་བསྡུས་བསྡུས་ནས། སྐུ་ཡི་ཚེ་གཡང་བསྡུས་བསྡུས་ནས། ཟེར་བ་ལྟར་བུ་ཞིག
དམུ་ཡད་ཟེར་ན། ཏུན་ཧོང་གི་ཡིག་ཆ་ PT༡༢༦༢ ལྟར་ན། གཤམ་གསལ་གྱི་དཔྱད་ཡིག་དུམ་བུ་དེ་ནི་གོང་སྨོས་ཀྱི་དཔེ་ཆེར་འཁོད་པའི་མདའ་དང་། འཕང་། དམུ་ཐག གཡང་ཐག་བཅས་ཀྱི་འབྱུང་ཁུངས་ཀྱི་བཤད་པ་ཞིག་ཏེ། ཞལ་དུ་ཕྱེ་མར་འོ་སྐོན་འདྲེན། །དམུ་ཡད་ཟས་ལ་ཟད་པ་མེད། །མི་ནོར་ཟས་གསུམ་འཚོགས་པ་ཡིན། །ཞེས་པའི་དོན་ལ་དཔྱད་ན་དངོས་གྲུབ་ལ་གོ་བར་སེམས། ཁྱུང་སེར་བྱ་ཟེའི་ལོ་རྒྱུས་ཐུང་ངུ་ཞིག་གི་ནང་། གྲུབ་ཆེན་དུ་མའི་བྱིན་རླབས་ཀྱི་དམུ་ཡད་འཁྱིལ་གནས་དང། ཞེས་དེ་དོན་ལ་གཞིགས་ན་དངོས་གྲུབ་ལ་གོ་བར་འདོད།།