དམུ་ཤོད་ཏྲམ་ཆེན་པོའི་སྐོར་མཁྱེན་མཁན་ཡོད་ན་གསུང་རོགས།
རྩོམ་བྲིས་པ། དགེ་བཛྲ་གུ་རུ། དྲི་བ་གཏོང་མཁན། འབྲོག་ཁ་མང་།
དྲི་བ། དམུ་ཤོད་ཏྲམ་ཆེན་པོའི་སྐོར་མཁྱེན་མཁན་ཡོད་ན་གསུང་རོགས།
ལན། རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་བླ་མའི་རྣམ་ཐར་ལས། ” དམུ་ཤོད་ཏྲམ་ཆེན་པོའི་ལོ་རྒྱུས་ལ་ལྔ། དང་པོ་གཙང་མ་མི་ལུས་ཐོབ་ཡབ་དང་ཡུམ་གྱི་ལོ་རྒྱུས་ནི། གདུང་རུས་གུ་རིབ་ཡིན་ཏེ། ཡབ་ནི་གུ་རིབ་ཁྲོ་རྒྱལ་དང་། ཡུམ་ནི་ར་མོ་ལུ་གུ་བྱ་བ་ཡིན། གཉིས་པ་ལས་འཕྲོ་ད་སྐལ་པ་ལྡན་པས་བཀའ་དྲིན་ཅན་གྱི་བླ་མ་ཇི་ལྟར་མཇལ་ན། དམུ་ཤོད་ཏྲམ་ནི། བླ་མ་དམུ་ཙོ་གེའི་ཡབ་ཀྱི་མཆེད་པོ་ཡིན་ཏེ། དེ་ཡང་བཞི་བཅུ་པ་ལ་ཞེན་པ་ལོག་ནས། བླ་མ་དམུ་ཙོ་སྟངས་ལ་ཞིང་ཁལ་ལྔ་ཐོག་དང་བཅས་པ་ཕུལ་ནས། གདམས་ངག་ཞུས་པས་ཐུགས་ལ་བཏགས་སོ། གསུམ་པ་ས་གནས་ཁྱད་པར་ཅན་གང་དུ་བརྟེན་པའི་ཚེ་དུ་བཞུགས་པ་ནི། གངས་རྟ་སྒོ་བྱ་བ་བྱིན་གྱིས་རླབས་པའི་གནས། ཉི་མ་ལུང་གི་གཡོན་ངོས། ཕ་བོང་ངར་བ་དེར་བཞུགས། བརྟེན་པའི་ཚེ་ནི་བརྒྱ་དང་བཅུ་བདུན་བཞུགས་སོ། བཞི་པ་མཐུན་མོངས་དང་གནས་སྐབས་ཀྱི་ཡོན་ཏན་གྲུབ་རྟགས་ནི། རྩལ་གྲུབ་རྟགས་བསམ་གྱིས་མི་ཁྱབ་ལགས་སོ། ལྔ་པ་རྟོགས་པ་མངོན་གྱུར་ཐུན་མོངས་མ་ཡིན་པ་ནི། གདམས་ངག་བཏབ་ནས་ཞག་བཅུ་བདུན་ནས། སྐྱེ་ཤིའི་རྩ་བ་ཆོད། རྟོགས་པ་མངོན་དུ་གྱུར་ནས་སངས་རྒྱས་དང་མཉམ་པ་ལགས་སོ། ། ” ཞེས་གསུངས་པས་ཁོང་ནི་རྫོགས་པ་ཆེན་པོའི་རྟོགས་པ་མངའ་རྙེས་པའི་གྲུབ་ཐོབ་ཅིག་ཡིན། དེ་དང་འདྲ་བར་རྫོགས་པ་ཆེན་པོ་ཨ་ཁྲིད་ཀྱི་ཚིག་བཤད་ནང་ལས་ཅན་དམ་པ་དྲུག་བསྟན་སྐབས། “ ཤོད་ཁྲམ་ཆེན་པོ་ཅིར་སྣང་སྒྱུ་མར་གཟིགས།” །ཞེས་སོགས་གསུངས་སོ།།