དབྱིངས་དགུའི་སྐུ་བསྐྱེད་ཀློང་དུ་ལྷ་མ་འདུས། ཞེས་པའི་དོན་གང་ལ་འགྲེལ།
བཀའ་ལན་གནང་མཁན། ཁྱུང་གསེར་ཞུན། དྲི་བ་གནང་མཁན། ཨར་ལྟ་བླ་མ།
དྲི་བ། མ་རྒྱུད་ལས། དབྱིངས་དགུའི་སྐུ་བསྐྱེད་ཀློང་དུ་ལྷ་མ་འདུས། ཞེས་པ་དེ་གང་ལ་འགྲེལ་དགོས་སམ།
ལན། དེ་ལ་སྤྱིར་མུ་མེད་སོགས་དབྱིངས་དགུ་ལས་ཤར་བའི་ལྷ་གང་ཞིག་ཀྱང་ཀློང་གཅིག་ལ་འདུས་པར་མ་གོ་བར་སོ་སོར་འཛིན་ན་སྐྱོན་ཡིན་པར་གསུངས་པ་ཡོངས་གྲགས་ལྟར་ལ། དམིགས་བསལ་ཏྲེ་སྟོན་གྱིས་དབྱིངས་སུ་སྐུ་སྐྱོད་ཀློང་དུ་ལྷ་འདུས། ཞེས་སྔགས་ཕྱི་རྒྱུད་པས་འདོད་ཚུལ་སྐྱོན་ཅན་ཡིན་པར་འགྲེལ་འདུག་པ་གོང་དང་མཚུངས་མིན་དཔྱད་དགོས་པར་སྣང་ངོ་། །
177200cookie-checkདབྱིངས་དགུའི་སྐུ་བསྐྱེད་ཀློང་དུ་ལྷ་མ་འདུས། ཞེས་པའི་དོན་གང་ལ་འགྲེལ།