དཀར་ཆག་འཕྲུལ་གྱི་ལྡེའུ་མིག་རྩོམ་མཁན་སུ་རེད།
རྩོམ་བྲིས་པ། དགེ་བདག་མེད་འཇག་སྐྱ་སོགས། དྲི་བ་གཏོང་མཁན། ཁྲི་སྤྲེལ་སླག་ཅན།
དྲི་བ། མཁས་དབང་རྣམ་པར་བཀའ་འདྲི་ཞུ་ཡ་ཞིག་ལ་གཡུང་དྲུང་བོན་གྱི་བཀའ་བརྟེན་པོད་ ༢༣༤ པ་སྟེ། (རྒྱལ་བའི་བཀའ་དང་བཀའ་བརྟེན་རྨད་འབྱུང་དགོས་འདོད་ཡིད་བཞིན་གཏེར་གྱི་བང་མཛོད་ལ་དཀར་ཆག་བློའི་ཐ་རམ་བཀྲོལ་བྱེད་འཕྲུལ་གྱི་ལྡེ་མིག) ཞེས་པ་རྩོམ་གནང་མཛད་མཁན་གྱི་བླ་མ་གཡུང་དྲུང་ཚུལ་ཁྲིམས་དབང་གྲགས་ཞུ་བའི་ལོ་རྒྱུས་རྣམ་ཐར་མཁྱེན་མཁན་ཡོད་ན་དེའི་སྐོར་ནས་གསལ་བཤད་ཞིག་གནང་རོགས།
ལན། ཁོང་ནི་ཀུན་མཁྱེན་གྱི་དངོས་སློབ་དང་ཁམས་ཁྱུང་པོ་ནས་ཡིན། ནམ་རྒྱུན་ཁོང་ལ་བདུད་འདུལ་སྤྲུལ་སྐུ་ཞུ། དེ་ཙམ་ཞིག་ཡིད་ཡུལ་དུ་འདུག རྒྱས་པར་ཁྱུང་པོ་སྟེང་ཆེན་ཞེས་པའི་དེབ་དེའི་ནང་ན་ཡོད་དྲན། ཟུར་ཞུ། བཀའ་བརྟེན་དཀར་ཆག་སྒྲིག་སྦྱོར་གནང་མཁན་གྱི་གྲས་སུ་ཀུན་མཁྱེན་གྱི་དངོས་སློབ་གཉིས་ཡོད། གཅིག་ཤོས་དེ་ཀླུ་ཕུག་དགོན་གྱི་སྤྲུལ་སྐུ་བསྟན་པའི་རྒྱལ་མཚན་ཡིན། ཁོང་གིས་བསྒྲིགས་པའི་དཀར་ཆག་དེ་དེ་ཙམ་རྒྱས་པོ་ཞིག་མི་འདུག དེ་ལས་བདུད་འདུལ་སྤྲུལ་སྐུའི་ཅན་དེ་རྒྱས་པ་འདུག །
_____ དགེ་བདག་མེད་འཇག་སྐྱ་ནས།
ལན། (རྒྱལ་བའི་བཀའ་དང་བཀའ་བརྟེན་རྨད་འབྱུང་དགོས་འདོད་ཡིད་བཞིན་གཏེར་གྱི་བང་མཛོད་ལ་དཀར་ཆག་བློའི་ཐ་རམ་བཀྲོལ་བྱེད་འཕྲུལ་གྱི་ལྡེ་མིག) རྩོོམ་གནང་མཁན་གྱི་བླ་མ་གཡུང་དྲུང་ཚུལ་ཁྲིམས་དབང་གྲགས་མཆོག་ནི། སྤྱི་ལོ ༡༨༣༢ ལོར་ཁྱུང་ཡུལ་དུ་སྐུ་འཁྲུངས། ཁྱུང་པོ་སྟེང་ཆེན་དགོན་གྱི་དབུ་བླ་མཛད་ནས་དཀར་ཆག་འདི་ཉིད་སྤྱི་ལོ ༡༨༧༦ ལོར་རྩོམ་པའི་དབུ་བཙུགས་ཏེ ༡༨༨༠ ལོར་མཇུག་གྲུབ་པ་དང་། བསྟན་པའི་མཛད་འཕྲིན་རྒྱ་ཆེན་བསྐྱངས་ནས་མཐར་༡༨༩༠ ལོར་སྐུ་གཤེགས་སོ།། །།
_____ ཉི་མའི་འོད་ནས།