ཆོས་རྒྱུད་ཀྱི་སྲོལ་འབྱེད་སྐོར་ནས་བོན་ཕྱོགས་སུ་དྲི་བ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། དགེ་རིས་མེད་པ། Equitable 正者
དྲི་བ། བན་དེ་ལ་སྟོན་ཤཱཀྱ་ཐུབ་པ་ནས་མར་དགེ་ལུགས་ཕྱོགས་ལ་རྗེ་བློ་བཟང་གྲགས་པ། རྙིང་མ་ལ་སློབ་དཔོན་པདྨ་འབྱུང་གནས་ལྟ་བུ་ཆོས་རྒྱུད་རེ་ལ་རེ་རེ་འཇོག་རྒྱུ་ཡོད་པ་ལྟར། དེ་བཞིན་བོན་ཕྱོགས་ལ་དེ་འདྲ་འཇོག་རྒྱུ་ཡོད་དམ།
ལན། ཆོས་ལུགས་གཞན་ལ་དེ་ལྟར་ཡོད་པ་ནི་རྩ་བའི་སྟོན་པ་ཐུབ་པའི་དབང་པོའི་ཆོས་དེ་ཉིད་ལ་ཕྱིས་བྱུང་མཁས་པ་འགས་རང་གི་གཟིགས་ཕྱོགས་སམ་རྟོགས་དཔྱོད་ཀྱི་རྩལ་སྟོན་ཏེ་སྒོས་བཅས་གྲུབ་མཐའ་རེའམ་ཆོས་ལུགས་ཀྱི་ལྟ་སྒྲུབ་ཅུང་མི་འདྲ་བ་རེ་སྲོལ་གཏད་པས་དང་། ཁོང་རྣམ་པ་ནི་གྲུབ་མཐའ་རེའམ་ཆོས་རྒྱུད་དེ་ཚོའི་སྲོལ་འབྱེད་ཡིན་པས་དེ་ལྟར་བྱུང་། གཡུང་དྲུང་བོན་གྱི་ལུགས་ལ་རྩ་བའི་སྟོན་པ་གཤེན་རབ་མི་བོས་གང་བསྟན་པ་དེ་དག་ཕྱིས་བྱུང་གི་མཁས་པ་ཚོས་ཀྱང་རྡོ་ལག་རྒྱུད་དང་ཆུ་ལམ་ཞུགས་བྱས་ནས་ད་བར་གནས་ཡོད་པ་ལས་དེ་ལ་ལྟ་བ་དང་གྲུབ་མཐའ་མི་འདྲ་བ་རེ་དབྱེ་མཁན་བྱུང་མེད། འོན་ཀྱང་གཞུང་བྱེ་བྲག་པ་འགའ་ལ་འགྲེལ་དང་ཆ་ལག་སོགས་བཏབ་ནས་ཤིང་རྟའི་སྲོལ་འབྱེད་ལྟ་བུ་ཡོད་ཀྱང་དེ་དག་ལ་གྲུབ་མཐའམ་ཆོས་རྒྱུད་ཀྱི་སྲོལ་འབྱེད་པར་མི་འདོད། འདི་ནི་བསམ་ཚུལ་ཙམ་གླེང་བ་ལས་མཐའ་དཔྱོད་ནི་ནམ་ཡང་མ་ཡིན།།