གསང་སྔགས་ལྟར་འབྱུང་ལྔ་གྲུབ་ཚུལ།
མཛད་པ་པོ། སྐྱབས་སྟོན་རིན་ཆེན་འོད་ཟེར།
སྐྱབས་སྟོན་ཁྲོ་འགྲེལ་ལས། ” དང་པོ་ལ་འབྱུང་བ་ལྔར་བསྟན་པ་ནི། སྔགས་ཀྱི་ལུགས་ལ་བདེ་བར་གཤེགས་པའི་ཐུགས་རྗེའི་རྫུ་འཕྲུལ་ལས་བྱུང་བར་འདོད་དེ། འགྲེལ་ལས། ཡུམ་གྱི་མཁའ་ལྔ་ལས་ཤར་བས་མཁའ་ལྔ་སྤྲུལ་པའི་འབྱུང་བ། དེ་ལ་འོད་མཐིང་ཁ་ལ་སོགས་ཝལ་ལེ་ཁྱུག་གེ་སྣང་བས་འཁྲུལ་སྣང་གི་འབྱུང་བ། ཨ་ཡང་རཾ་མཾ་ཁཾ་ལས་སྐྱེས་པས་གཉེན་པོ་ཡེ་ཤེས་ཀྱི་འབྱུང་བ་ཞེས་སོ། །
དེ་ཡང་ཡུམ་ནམ་མཁའི་ལྷ་མོའི་ཐུགས་ཉིད་སྟོང་པའི་ངང་ལས་གསལ་ཞིང་གོ་བྱུང་། ཁ་དོག་དཀར་པོ། ཕྱོགས་འབྱམས་ཡས་པས། འོད་འཁོར་དེ་ཡུམ་གྱི་ཐུགས་ལས་བརྟེན་ནས་རང་གི་རང་བསྒྱུར་བའི་ཞེས་སོ། །ཤུགས་རླབས་དང་། རླུང་སྟེ་ལི་མུན་མཁའ་ལས་ཕྱད་ཕྱོད་དེ་ཡང་ཞིང་གཡོ་བ་མདོག་ལྗང་ཁུ། དབྱིབས་ཟླུམ་པའོ། །རླུང་དེ་ཡུམ་གྱི་ཐུགས་རྗེ་སྤྱོད་ཅིང་གཡོ་བའི་རྐྱེན་གྱིས་བསྒྱུར་བས། མེ་སྟེ་ཚངས་སྟང་ནམ་མཁའ་ལས་ཚ་བྱེད་ལས་ཤིང་སྲེག་པའི་དྲོད་དང་། ཁ་ཏོག་དམར་པོ་དབྱིབས་གྲུ་གསུམ་པ་སྲིད་དོ། །མེའི་ལྷ་མོ་དེའི་ཐུགས་རྗེ་དང་ཚ་ངར་དང་གྲང་རེག་གི་རླུང་གཉིས་འཐབ་པའི་རྐྱེན་ལས་ཆུ་སྟེ་ཏིང་ནམ་མཁའ་ལས་བྱེད་ལས་རླན་ཞིང་གཤེར་བ་དང་། མདོག་སྔོ་དབྱིབས་ཟླ་གམ་དུ་སྲིད་དོ། །ཆུའི་ལྷ་མོ་དེའི་ཐུགས་རྗེ་དང་ཕྲ་རབ་རྡུལ་ཕྲན་གཅིག་ལ་གཅིག་ཆགས་པས་རྐྱེན་ལས་ས་ཏེ་ནེ་སླས་ཀྱི་མཁའ་ལས་བྱེད་པ་སྲ་ཞིང་འདེགས་པ་ཁ་ཏོག་གསེར་གྱི་ས་གཞི་དབྱིབས་གྲུ་བཞི་པར་སྲིད་དོ། །གཉིས་པ་ནི་མདོ་བསྡུ་བ་དང་ལྔ་པོའི་སྒྲ་བཤད་ཀྱང་ཡིན་ཏེ། དེ་དག་ནི་གཅིག་གི་རྒྱུ་ལས་གཅིག་བརྟེན་ནས་གཅིག་འབྱུང་བ་དང་ལྷ་མོ་ཆེན་པོ་ལྔའི་བདག་ཉིད་ཡིན་པས་སོ། ། ” ཞེས་སོ།། །།