གཤེན་འགྲོས་གོམ་གསུམ།
རྩོམ་བྲིས་པ། (བོན་གཤེན་བསྭོ་སྒྲའི) རྩོམ་སྒྲིག་ལྷན་ཚོགས།
འདི་ནས་ཉི་ཟླ་རྒྱུ་སའི་ཕྱོགས་དེ་ནས།།
མི་ཡི་གཡུང་དྲུང་འབར་བའི་སྨྲ་དབང་དེས།།
དེང་རབས་འོད་སྟོང་འབར་བའི་དྲ་ལམ་ནས།།
གཤེན་འགྲོས་གོམ་གསུམ་སྤོ་བའི་སྟངས་སྟབས་ཤིག།
འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།།
འདི་ཚུལ་སེམས་ལ་དྲིས་པའི་སྨྱུག་རྩེ་ནས།།
འདི་ནི་རིག་པའི་བང་ཆེན་མངག་ས་སྟེ།།
འདི་ལ་རྒྱང་བཞུད་ལམ་ཞེས་སྨྲང་སྟེ་ཐལ།།
རྙིང་དྲི་ཚུབ་བེར་ཡར་ཕུག་གཟེབ་ཀྱི་ནང་།།
བཞུགས་པའི་བོན་གཞུང་དག་གི་དཀའ་གནད་ལ།།
གསེད་བཀྲོལ་ལན་གཅིག་བགྱི་བའི་ཁོར་ཡུག་སྟེ།།
དྲིས་ལན་དྲ་མཛོད་སྒོ་མོ་ཤར་གྱིས་ཕྱེས།།
ཤིང་གི་རྟ་མཆོག་འཚེར་བའི་གནམ་ལོ་ཡི།།
མེ་ཡི་ཡོས་བུ་རོལ་བའི་དཔྱིད་ཟླ་སྟེ།།
དབང་པོའི་ཚེས་པ་སྤྱན་གཅིག་ཤར་བའི་ཉིན།།
བཟང་གསུམ་འཛོམས་པས་ཁྱོད་ཉིད་ཤིས་པར་སྨོན།།
(བོན་གཤེན་བསྭོ་སྒྲའི་) རྩོམ་སྒྲིག་ལྷན་ཚོགས་ནས་ཕུལ། །