“གཡུང་དྲུང་བོན་” དྲ་ཚིགས་ཀྱི་རྟེན་འབྲེལ་ཤིས་ཚིག
རྩོམ་བྲིས་པ། “གཡུང་དྲུང་བོན་” དྲ་ཚིགས་ཀྱི་རྩོམ་སྒྲིག་པ།
༧བཀུར་འོས་“བོན་གྱི་དྲིས་ལན་དྲྭ་མཛོད་”ཀྱི་གཙོ་སྒྲུབ་པ་གཙོས་ལས་སྣེ་བ་ཡོངས་ཀྱི་
དྲུང་དེར།
ཐོག་མར་གཤེན་གྱི་འབྱུང་ལྡན་ ༣༠༡ བོད་རྒྱལ་ལོ་ ༣༡༥༡ ཤིང་རྟ་ལོའི་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ།
དེ་རིང་༧རྣམ་འདྲེན་རྒྱལ་བ་གཉིས་པ་ཞེས་ས་གསུམ་ན་འགྲན་པའི་ཟླ་བོ་མ་མཆིས་པ་རྗེ་མཉམ་མེད་ཆེན་པོ་སྐུ་བལྟམས་ནས་མི་ལོ་ ༦༥༨ འཁོར་བའི་དུས་བཟང་ཁྱད་པར་ཅན་གྱི་ཉིན་འདིར། སྤྱིར་བོད་རང་གི་རིག་གཞུང་སྤྱི་དང་སྒོས་སུ་ཕ་ནོར་གཡུང་དྲུང་བོན་གྱི་བསྟན་པ་འདི་ལ་ཤ་ཞེན་དང་ལ་རྒྱ་ཆེས་ཆེར་ལྡན་པ་ཁྱེད་རྣམས་པས་སྐུ་ངལ་ཁྱད་བསད་ཀྱིས་“བོན་གྱི་དྲིས་ལན་དྲྭ་མཛོད་”ཅེས་པའི་ཁྱད་བོན་ཕུན་སུམ་ཚོགས་པ་དང་ལྡན་པའི་བོན་གྱི་དྲྭ་མཛོད་ཆེན་མོ་ཞིག་དབུ་འབྱེད་གནང་བར་སྙིང་ཐག་པ་ནས་དགའ་གུས་ཀྱི་རྟེན་འབྲེལ་དང་རྒྱབ་སྐྱོར་གྱི་ཡི་རངས་ཞུ་བཞིན་ཡོད།
ཅེས་ ༧ གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ “གཡུང་དྲུང་བོན་” དྲ་ཚིགས་ལས་ཁུངས་ནས་ཕྱི་ལོ་ ༢༠༡༤ ཟླ་བ་ ༣ ཚེས་ ༥ ཉིན།