གཡུང་དྲུང་བོན་ཟེར་ན་གང་རེད།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། བསྟན་རབ།
དྲི་བ། གཡུང་དྲུང་བོན་ཟེར་ན་གང་རེད།
ལན། གཡུང་དྲུང་བོན་གྱི་སྒྲ་བཤད་ནི། མདོ་གཟེར་མིག་ལས། གཡུང་ཞེས་བྱ་བ་དོན་ལས་མི་ཡེངས་པ། དྲུང་ཞེས་བྱ་བ་རྟགས་ལས་མི་འགྱུར་བ། །བོན་ཞེས་བྱ་བ་དབྱིངས་ཉིད་བདལ་པའི་ཀློང༌། །ཞེས་གསུངས་པ་ལྟར་ཡིན། དེའི་མཚན་ཉིད་ནི། སྤྱད་ཅིང་ཉམས་སུ་བླངས་པ་ལ་བརྟེན་ནས་ལུས་ཅན་གྱི་སྡུག་བསྔལ་ལས་སྐྱོབ་པར་བྱེད་པའི་ཐབས་སུ་གྱུར་པའི་རྣམ་དཀར་གྱི་ཡོན་ཏན་ཞེས་གསུངས། དེ་ལ་དབྱེ་ན་ཐེག་པ་རིམ་དགུ་དང་། སྒོ་བཞི་མཛོད་ལྔ། མདོ་སྔགས་རྫོགས་གསུམ་སོགས་དུ་མ་ཞིག་ཡོད། སྤྱིར་བོན་ཞེས་པའི་ཚིག་འདིའི་འབྱུང་ཁུངས་ཀྱང་ཐོག་མར་ཏ་ཟིག་བོན་གྱི་སྐད་ལ་ཧོས་དང༌། དེ་ནས་ཞང་ཞུང་སྨར་སྐད་ལ་གྱེར། མཐར་སྤུར་རྒྱལ་བོད་སྐད་ལ་བོན་ཅེས་པ་ནི་སྒྲ་འགྱུར་ཡིན་པ་ལྟར་རོ།།
157200cookie-checkགཡུང་དྲུང་བོན་ཟེར་ན་གང་རེད།