གཡུང་དྲུང་བོན་གྱི་སྐོར་ཐུན་མིན་གྱི་ཐ་སྙད་གང་དང་གང་ཡོད་དམ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཤེས་རབ།
ལན། སྤྱིར་བོན་སྒོ་བཞི་མཛོད་ལྔ་དང་ཐེག་པ་རིམ་དགུའི་གཞུང་རྣམས་སུ་བོན་གྱི་ཐ་སྙད་དམིགས་བསལ་བ་ཇི་སྙེད་ཅིག་ཡོད་ཀྱང་འདིར་ཡིག་ཚོགས་ལ་འཇིགས་ནས་མ་བཀོད། འོན་ཀྱང་མཚན་གཞི་ཙམ་སྨྲོས་ན། གཤེན༵་ཞེས་པ་ནི་རྒྱལ་བ་གཤེན་རབས་མི་བོའི་རུས་སམ་རྒྱུད་པ་ལ་གོ། ཧོས༵་དང་གྱེར༵་ནི་བོན་ཞེས་པ་དང་འདྲ། གསས༵་ནི་ལྷ་ལ་གོ། དམུ༵་ནི་སྟོན་པ་གཤེན་རབ་མི་བོའི་རུས་རྒྱུད་ཡིན། ཕྱྭ་ནི་ཁ་རྗེ་དབང་ཐང་ལྟ་བུར་གོ། སྒྲོན༵་མ༵་ནི་སྒྲོལ་མ་དང་འདྲ། དེ་དང་འདྲ་བར་ཡོངས་གྲགས་དེང་རབས་བོད་ཀྱི་བརྡ་དང་ཐ་སྙད་དང་མི་འདྲ་བར་བོན་ལུགས་སུ་འབྲི་སྟངས་དང་ཚིག་གི་སྦྱོར་བ་སོགས་ཤིན་ཏུ་ནས་མང་ངོ་། །
50900cookie-checkགཡུང་དྲུང་བོན་གྱི་སྐོར་ཐུན་མིན་གྱི་ཐ་སྙད་གང་དང་གང་ཡོད་དམ།