གཡུང་དྲུང་བོན་གྱི་ལུགས་ལ་སྤང་ལམ་མདོ་ཡི་ཐེག་པ་ཟེར་ན་གང་རེད།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཤེས་རབ།
དྲི་བ། གཡུང་དྲུང་བོན་གྱི་ལུགས་ལ་སྤང་ལམ་མདོ་ཡི་ཐེག་པ་ཟེར་ན་གང་རེད།
ལན། དེ་ནི་གཙོ་བོར་གདུལ་བྱ་དབང་རྟུལ་རྣམས་ལ་ལྟོས་ཏེ་ཉོན་མོངས་པ་རྣམས་རྩོལ་སྒྲུབ་ཀྱི་ལམ་ནས་སྤོང་བར་བྱེད་པས་ན་སྤང་ལམ་དང་། བོན་ཐམས་ཅད་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་ཁས་མི་ལེན་ཞིང་ལས་འབྲས་ཀྱི་རྣམ་བཞག་ཐ་སྙད་ཕྲ་མོ་ཙམ་ནས་སྲུང་བ་ཞིག་ལ་བྱ། གཞུང་ནི། ཟབ་མོ་སྟོན་པ་འབུམ་གྱི་སྡེ་དང་། ལས་འབྲས་སྟོན་པ་མདོ་ཡི་སྡེ། ཚུལ་ཁྲིམས་རྣམ་དག་འདུལ་བའི་སྡེ། ཆགས་གནས་སྟོན་པ་མཛོད་ཀྱི་སྡེ། གཞལ་བྱ་དབུ་ཚད་རིག་པའི་སྡེ་སོགས་ཕྱི་མཚན་ཉིད་མདོ་ཡི་སྡེ་ལྔས་མཚོན་གྲངས་མང་བཞུགས།།
144800cookie-checkགཡུང་དྲུང་བོན་གྱི་ལུགས་ལ་སྤང་ལམ་མདོ་ཡི་ཐེག་པ་ཟེར་ན་གང་རེད།