གཡུང་དྲུང་བོན་གྱི་ལུགས་ལ་ཞིབ་འཇུག་མཁས་པ་དེ་འདྲ་ཡོད་དམ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཤེས་རབ།
ལན། དེང་གི་ཆར་བོན་གྱི་ཞིབ་འཇུག་ཆེད་མཁས་པ་གྲགས་ཅན་མང་པོ་ཡོད་པའི་ནང་ནས། བོད་ནང་ལོག་ནས་ཀྲུང་དབྱངས་མི་རིགས་སློབ་གྲ་ཆེན་མོའི་དགེ་རྒན་ཆེན་མོ་བ་རྒན་ཚེ་རིང་ཐར་དང་། རྒན་ཕུན་ཚོགས་ཚེ་རིང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ནས་མཁས་དབང་དོན་འགྲུབ་ལྷ་རྒྱལ་སོགས་དང་། བོད་ཕྱི་ལོག་ནས་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ཟུར་པ་སྐུ་ཞབས་མཁར་རྨེ་བསམ་གཏན་ལགས། དེ་བཞིན་ཚོགས་གཙོ་ཟུར་པ་གཡུང་དྲུང་ཚེ་དབང་ངམ་ Charse Ramble ལགས། མཁས་དབང་ནམ་མཁའི་ནོར་བུ་རིན་པོ་ཆེ་སོགས་རྒན་རབས་ཁག་དང་། དེ་བཞིན་དེང་གི་དུས་སུ་ན་གཞོན་ཞིབ་འཇུག་པ་མང་པོ་ཞིག་ཕྱི་ནང་གང་སར་འཚར་ལོང་བྱེད་བཞིན་ཡོད། བོན་རིག་པའི་སྐོར་རྒྱས་པ་འདིར་གཟིགས།
117210cookie-checkགཡུང་དྲུང་བོན་གྱི་ལུགས་ལ་ཞིབ་འཇུག་མཁས་པ་དེ་འདྲ་ཡོད་དམ།