གཡུང་དྲུང་བོན་གྱི་ལུགས་ལ་གསོ་བ་རིག་པ་ཟེར་ན་གང་རེད།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཤེས་རབ།
ལན། གསོ་བ་རིག་པའི་གཞུང་དང་དེ་ལ་མཁས་པའི་ལྷ་རྗེ་གང་དང་གང་བྱུང་ཞེ་ན། དེ་ལ་གསོ་རིག་འབུམ་བཞི་སྟེ། གསོ་བྱེད་ནད་འབུམ་ནག་པོ། འཚོ་བྱེད་དཔྱད་འབུམ་ཁྲ་བོ། རྣམ་རྒྱལ་ལྷ་འབུམ་དཀར་པོ། རྩ་བ་ཐུགས་འབུམ་མཁའ་སྔོན་བཅས་ལ་ཡོངས་གྲགས་སུ་འབུམ་བཞི་ཟེར། དེ་ལ་མཁས་པའི་ལྷ་རྗེའི་ཐོག་མ་སྟོན་པ་གཤེན་རབ་མཆོག་གི་སྐུ་སྲས་དཔྱད་བུ་ཁྲི་ཤེས་སོགས་དྲང་སྲོང་ཆེན་པོ་བརྒྱད་ནས་རིམ་པས་ད་བར་ལྷ་རྗེ་བསམ་ཀྱི་མི་ཁྱབ་པ་བྱུང་། དེའང་དེང་སང་གི་རྒྱུད་བཞི་ཞེས་པའི་སྨན་འབུམ་གྲགས་ཅན་དེ་ཚོའི་བྱུང་ཁུངས་ཀྱང་བོན་གྱི་གསོ་རིག་འབུམ་བཞི་ཡིན་པ་བོན་པོ་ཙམ་མ་ཚད་ཕྱི་བྱུང་གི་བོད་པའི་ལྷ་རྗེ་གྲགས་ཅན་ཁྲོ་རུ་ཚེ་རྣམ་དང་དིལ་དམར་བསྟན་འཛིན་ཕུན་ཚོགས་སོགས་ཀྱིས་ཐག་བཅད་ནས་གསུངས་ཡོད། །
109420cookie-checkགཡུང་དྲུང་བོན་གྱི་ལུགས་ལ་གསོ་བ་རིག་པ་ཟེར་ན་གང་རེད།