གཡུང་དྲུང་བོན་གྱི་ལུགས་ལ་རྩིས་དཀར་ནག་གི་བྱུང་བ་ཇི་ལྟར་ཡིན།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཤེས་རབ།
ལན། དེའང་སྟོན་པ་གཤེན་རབ་མི་བོ་མཆོག་གིས་སྲས་ཀོང་ཚ་འཕྲུལ་བུ་ལ་གཉེར་དུ་གཏད་པའི་གཙུག་ལས་རྩིས་ཀྱི་རིག་པ་དེ་ལ་ཕྱི་དུས་རིག་པ་འབུམ་གསུམ་ཡོད་དེ། སྣང་སྲིད་ཀྱི་གཏོ་འབུམ་ནག་པོ། རིན་ཆེན་གྱི་ཀུན་འབུམ་ཁྲ་བོ། གཙུག་ལག་གི་དཔལ་འབུམ་དཀར་པོ་དང་གསུམ། དེའང་ཀོང་ཚ་འཕྲུལ་བུས་བསྡུས་པའི་དུས་འཁོར་གབ་ཙེ་འདི་གདུང་ཚོབ་མུ་ཆོས་ལོ་གསུམ་ལ་སྦྱོང་བཤད་མཛད། དེ་ལ་གབ་ཙེ་འཕྲུལ་གྱི་མེ་ལོང་། དུས་ཀྱི་འཁོར་ལོའི་མན་ངག། ཙཀྲའི་སྐོར། བག་རྩིས། ནད་རྩིས། སྐོར་འགོ། དཔྱད་ལྡིང་། གཤིན་རྩིས། ས་དཔྱད་བརྟག་པ་སོགས་རྩིས་ཕྲན་མན་ངག་འཁོར་ལོ་དྲུག་ཅུ་རྩ་དགུ་སོགས་མང་། ཁྲི་སྲོང་གིས་བོན་བསྣུབས་སྐབས། བླ་ཆེན་དྲན་པས། རྩིས་སྨན་སོགས་མན་ངག་གི་སྐོར། རིན་པོ་ཆེའི་སྒྲོམ་བུར་བཅུག་སྟེ་ཕོ་བྲང་བསེ་སྒོ་ཅན་གྱི་ལྷ་ཁང་གི་ཁྲོ་བོ་བདུད་རྩི་འཁྱིལ་བའི་ཐུགས་ཀར་སྦས།
སླར་ཡང་འགྲོ་བའི་བསོད་ནམས་དང་གྲུབ་ཐོབ་གོང་མ་རྣམས་ཀྱི་སྨོན་ལམ་གྱིས་དུས་འཁོར་ལ་རྒྱུད་ལུང་མན་ངག་གསུམ། གཡེན་ཁམས་སེལ་མདོ། གཙུག་ལག་དཔལ་འབུམ། ཤེལ་དཀར་ཟ་མ་ཏོག་དཔྱད་གསུམ་ཕྱི་ནང་གསང་བའི་རྩིས་རྒྱུད་སོགས་རྩིས་དཀར་ནག་གི་བྱུང་བ་དར་བཞིན་རྒྱས་པ་ཡོད།།