གཡུང་དྲུང་གསང་འཛབ་སྐོར་དྲི་བ།
རྩོམ་བྲིས་པ། གངས་སེང་སོགས། དྲི་བ་གཏོང་མཁན། རྔུལ་རྫའི་ཆུ་གཏེར།
དྲི་བ། ཤར་རྫ་རིན་པོ་ཆེས་གཡུང་དྲུང་གསང་བའི་འཛབ་གསུང་ཡ་དེ་ནི་གཡུང་དྲུང་གསང་གཟུངས་ལ་གོ་དགོས་སམ།
ལན། གཡུང་དྲུང་གསང་བའི་འཛབ་ཅེས་པ་དེ་རྒྱ་གར་དཔར་མ་སྣ་ཚོགས་པོད་ཏིའི་ནང་དུ་ཚེ་མདོ་གཡུང་དྲུང་གསང་གཟུངས་ཟེར་བ་ལྟ་བུ་ཞིག་ཡོད་སྣང་ཡོད། དེ་མིན་ནམ་སྙམ། འོན་ཀྱང་དེའི་མིང་ཇི་མ་ཇི་བཞིན་དྲན་མ་སོང་། དེའི་ནང་ཚེ་མདོ་དེ་དར་ཆོག་བྱས་ནས་རླུང་ལ་ཕྱར་ན་ཕན་ཡོན་རྒྱ་ཆེར་ཡོད་པར་བཤད་ཡོད།
_____གངས་སེང་། gangseng
ལན། དྲན་པ་ཆོག་སྒྲུབ་སོགས་ནས་བྱུང་བའི་གཡུང་དྲུང་གསང་གཟུངས་ཞེས་པ་ལ་རྒྱས་བསྡུས་གཉིས་ཏེ། རྒྱས་པ་ནི། “ཨ་ཨཱོྃ་ཧཱུཾ་རཾ་ཛ། ཞི་ལ་འདུ་ཡུ་སད་སལ། ཨ་ཨཱོྃ་ཧཱུཾཿ ཨ་ཨཱོྃ་ཧཱུཾ་ཨ་སང་ལ་གསལ་ཨཱོྃཿ ཨ་ཨཱོྃ་ཧཱུཾ་བསྭོ་ཧ་ཧི་སངས་ལ་གསལ་ཨཱོྃ། བསྭོ་ཨཱོྃ་ས་ལེ་ལྷན་ནེ་འདུ་འདུ་ཨ། བསྭོ་ཨཱོྃ་ས་ལེ་ཁྲི་ལེ་འདུ་འདུ་མ། ཨ་མ་ཧ་ར་བྲུཾ་དྲང་། ཨ་ཨཱོྃ་ཧཱུཾཿ ཨཱ་ཨ་དཀར་ས་ལེ་འོད་ཨ་ཡང་ཨཱོྃ་འདུ། མ་མ་རམ་འདུ་ལ་ལ་ཞི་ཨཱཿ ཨ་ཨཱོྃ་ཧཱུཾཿརཾ་ཛཿ སད་ཏི་ཡ་ཧ་ར་ཐུནཿ ཨཱ་ར་སད་ལ་གུ་ཡིག་ཅི། ཨ་མ་ཧ་ར་བྲུཾ་ཨཱོྃཿ མ་འདྲི་པ་མ་ཙག་ཤ་ཡ་སད་ལ་དུལ་ཤག་གསལ་ཨ། ཧ་ར་ཆུ་ན་མུ་ན། ཨ་ཨཱོྃ་ཧཱུཾཿ ཨ་མ་ཀུ་མ་མ་ཤ་ནི་ཧ་ར་ཨ་དེ། ཧོ་མ་མ་རཾ་རཾ་ཧ་ཧཱུཾ་ཨེ་ཨཱོྃ་མ་མ་ཁ་རག་ཧཿ ཨ་ཨཱོྃ་ཧཱུཾཿཧ་ཧེ་འདུ་ཧ་ར་ཁི་ཁར་སད་ཡ་ཧ་ད་ད་ཕྱོད་ཧ་མ་ཡ་ཧཿ ཀ་ར་མཉྫུ་ར་ཤ་ཧ་སད་ནི་ཀུ་ཡིག་ཅི། མ་མ་འདུ་ཧ་ཧིག་ཡང་ཧ་རཾ་ལཾ་དྲི་ཤར་ཨ་ཁ་འདྷ་མ་མ་ཡཿ ཧ་ཡིག་ཡ་ཧ་རཾ་ལཾ་ཤར་ཨ་བ་དེ་མ་མ་ཧྲིཿ དུ་པ་ལི་དུ་པ་ལིཿ ལུས་ངག་སྒྲིབ་དག་སྨོན་ལམ་གདབ། ཨ་ཨཱོྃ་ཧཱུཾཿ ཨཱ་ཨ་དཀར་ས་ལེ་འོད་ཨ་ཡང་ཨཱོྃ་འདུཿ ཨཱ་གསལ། ཨ་གསལ། དཀར་གསལ། ས་གསལ། ལེ་གསལ། འོད་གསལ། ཨ་གསལ། ཡང་གསལ། ཨཱོྃ་གསལ། འདུ་གསལ། ཧ་ར་འདུ་ཡ་ཧཱུཾཿ།” དང་། བསྡུས་པ་ནི། “ཨ་ཨཱོྃ་ཧཱུཾཿ ཨཱ་ཨ་དཀར་ས་ལེ་འོད་ཨ་ཡང་ཨཱོྃ་འདུཿ།” ཞེས་པ་འདི་དག་ཡིན་པ་འདྲ།
_____ཧི་མ་ལ་ཡའི་རྒྱལ་སྲས།