གཞོད་སྟོན་དངོས་འགྲུབ་ཀྱི་སྐོར་གསུང་རོགས།
མཛད་པ་པོ། ༧ ཀུན་མཁྱེན་ཉི་མ་སོགས། དྲི་བ་གཏོང་མཁན། གྱེར་ནང་ཚང་།
དྲི་བ། གཞོད་སྟོན་དངོས་གྲུབ་རྫོགས་ཆེན་ཡོངས་རྩེ་ཀློང་ཆེན་གཏེར་ནས་འདོན་མཁན་དེ་ཡིན་ནམ། ཁོང་གི་སྐོར་ལོ་ཚིགས་སོགས་མཁྱེན་མཁན་ཡོད་ན་གསུང་རོགས།
ལན། ཀུན་མཁྱེན་ཉི་མའི་བསྟན་རྩི་ལས། ” ༼༨༧༤༽ (ཕྱི་ལོ་ ༡༠༨༧ ) དེ་ལ་ཟླས་ (༡) སྦྱང་ས་འབྲུག་ལོར། །གཞོད་སྟོན་དངོས་གྲུབ་གྲགས་འབར་གྱིས། །ཁོམ་མཐིང་རྣམ་སྣང་སྐུ་རྒྱབ་ནས། །བླ་མེད་རྫོགས་ཆེན་བོན་གཏེར་བཞེས། །” ཞེས་དང་།
མཁས་དབང་ཨ་ལགས་བོན་རྒྱ་རིན་པོ་ཆེའི་བསྟན་བརྩིས་ལས། ” སྤྱི་ལོ་ ༡༠༨༦ ཡིན། (༩༡༡) རབ་བྱུང་དང་པོའི་ནང་གཞོད་སྟོན་ལྷ་དང་ཤཱཀྱ་ལྕམ་གཉིས་ཀྱི་སྲས་གཞོད་སྟོན་དངོས་གྲུབ་གྲགས་པ་བྱོན་ནས་དབང་ལྡན་རི་ཞིང་དགོན་དུ་བཞུགས་ནས་རབ་ཏུ་བྱུང་། ཞུ་ཡས་དངོས་སློབ་ཀུན་ལས་མཁས་པའི་གྲགས་པ་འབར། མཁར་ཆུའི་བྲག་ལ་དགོན་པ་བཏབ། འཆད་ཉན་མཛད་ནས་སློབ་མ་མཁས་ཆེན་མང་དུ་བྱུང་། ” ཞེས་སོགས་གསལ། །