གཙང་གཡུང་དྲུང་གླིང་གི་མཁན་རབས་ཇི་ལྟར་ཡིན།
རྩོམ་བྲིས་པ། དགེ་རྔུལ་རྫའི་ཆུ་གཏེར། དྲི་བ་གཏོང་མཁན། དགེ་རིས་མེད་པ།
དྲི་བ། གཙང་གཡུང་དྲུང་གླིང་གི་མཁན་རབས་སྐོར་གསུང་རོགས།
ལན། མཁན་རབས་དང་པོ། ༧སྣང་སྟོན་སྐྱབས་མགོན་ཟླ་བ་རྒྱལ་མཚན། (ཕྱི་ལོ་ ༡༨༠༧ ལོར་ཨ་མདོ་རྔ་ཡུལ་དུ་འཁྲུངས།)
མཁན་རབས་གཉིས་པ། གཡུང་དྲུང་བསྟན་འཛིན། (ཕྱི་ལོ་ ༡༨༠༣ ལོར་ཤར་རྒྱལ་མོ་རོང་དུ་འཁྲུངས།)
མཁན་རབས་གསུམ་པ། སྐལ་བཟང་བསྟན་པའི་ཉི་མ། (ཕྱི་ལོ་ ༡༨༤༡ ལོར་མདོ་སྨད་ཟིང་ཆུར་འཁྲུངས།)
མཁན་རབས་བཞི་པ། ཕུན་ཚོགས་དབང་རྒྱལ། (ཕྱི་ལོ་ ༡༨༥༦ ལོར་ཤར་རྒྱལ་མོ་རོང་དུ་འཁྲུངས།)
མཁན་རབས་ལྔ་པ། ཚུལ་ཁྲིམས་དབང་རྒྱལ། (ཕྱི་ལོ་ ༡༨༦༩ ལོར་ཁམས་ཚ་བ་རོང་དུ་འཁྲུངས།)
མཁན་རབས་དྲུག་པ། ཤེས་རབ་བློ་ལྡན། (ཕྱི་ལོ་ ༡༨༨༢ ལོར་ཨ་མདོ་རྔ་ཡུལ་དུ་འཁྲུངས།)
མཁན་རབས་བདུན་པ། ཤེས་རབ་བསྟན་པའི་ཉི་མ། (ཕྱི་ལོ་ ༡༨༩༨ ལོར་ཨ་མདོ་རྔ་ཡུལ་དུ་འཁྲུངས།)
མཁན་རབས་བརྒྱད་པ། བློ་གྲོས་རྒྱལ་མཚན། (ཕྱི་ལོ་ ༡༩༠༥ ལོར་ཤར་རྒྱལ་མོ་རོང་དུ་འཁྲུངས།)
མཁན་རབས་དགུ་པ། བློ་གྲོས་ཉི་མ། (ཤར་རྒྱལ་མོ་རོང་དུ་འཁྲུངས།)
མཁན་རབས་བཅུ་པ། ཤེས་རབ་བསྟན་པའི་རྒྱལ་མཚན། (ཕྱི་ལོ་ ༡༩༡༢ ལོར་ཨ་མདོ་ཤར་ཁོག་ཏུ་འཁྲུངས།)
མཁན་རབས་བཅུ་གཅིག་པ། ཤེས་རབ་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ། (ཕྱི་ལོ་ ༡༩༧༠ ལོར་ཧོར་གཉན་རོང་དུ་འཁྲུངས།)