གནའ་བོའི་བོན་གྱི་བསྟན་པ་དེ་ཉིད་ཡུལ་གྲུ་གང་ཞིག་ལ་དར་ཡོད་དམ།
མཛད་པ་པོ། ༸སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ། དྲི་བ་གཏོང་མཁན། མེ་སྟག (རྩོམ་ཡོང་ཁུངས་གཏོ་ཡི་བཀའ་སྒྲོམ།)
དྲི་བ། གནའ་བོའི་བོན་གྱི་བསྟན་པ་དེ་ཉིད་ཡུལ་གྲུ་གང་ཞིག་ལ་དར་ཡོད་དམ།
ལན། ཁྱེད་ཀྱི་བཀའ་དྲིའི་ཐད་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེས་མཛད་པའི་གསུང་རྩོམ་དུམ་བུ་ཞིག་གཤམ་དུ་དྲངས་ཡོད།
” གནའ་བོའི་བོན་ནི་ཧི་མ་ལ་ཡཱ་ཡི་རི་རྒྱུད་ཀྱི་ཡུལ་གྲུ་ཕལ་ཆེ་བར་དར་ཡོད་ཅིང། དཔེར་ན། རྒྱ་གར་བྱང་ཕྱོགས་ལ་དྭགས་དང། ཁུ་ནུ། འབྲས་ལྗོངས། འབྲུག་ཡུལ། བལ་ཡུལ་གྱི་བྱང་ཕྱོགས་དང་ནུབ་ཕྱོགས། དེ་བཞིན་བོད་ལས་སོགས་སུ་དར་བ་ནི་ང་ཚོས་ལོ་རྒྱུས་ཀྱི་སྟེང་ནས་ཤེས་ཐུབ། གནའ་བོའི་བོན་ནི་ཞང་བོད་གཉིས་ཀྱི་ཆོས་རིག་ལོ་རྒྱུས་ཀྱི་ཆུ་འགོ་ལྟ་བུ་ཞིག་ཏུ་གྱུར་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོས་ཞང་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་དགོས་ཚེ། གནའ་བོའི་བོན་དང་མ་འབྲེལ་བར་ཞིབ་འཇུག་བྱེད་པའི་གཞི་རྩ་མེད་པར་མཐོང་། ” ཞེས་གསུངས་སོ།། །།