ཀུན་བརྟགས་ཡུལ་དང་དབང་པོའི་རྐྱེན་འཛོམ་པས། སོགས་ཀྱི་དོན་གང་ཡིན་ནམ།
རྩོམ་བྲིས་པ། དགེ་བདག་མེད་འཇག་སྐྱ། དྲི་བ་གཏོང་མཁན། པད་སྡོང་།
དྲི་བ། ཡེ་ཤེས་རྩེ་རྒྱལ་ལས། ” ཀུན་བརྟགས་ཡུལ་དང་དབང་པོའི་རྐྱེན་འཛོམ་པས། །རྟག་ཏུ་མེད་ལ་རྟོག་པའི་མཐུ་བརྟས་པས།” ཞེས་གསུངས་པའི་ལུང་ཚིག་དེའི་དགོངས་དོན་དང་། ད་དུང་རྟོག་པའི་མཐུ་བརྟས་པ་དེ་བློ་རྟོག་པ་ཞིག་ལ་ངོས་འཛིན་དགོས་སམ་ཡང་ན་དེ་ལས་གཞན་པ་ཞིག་ཡིན།
ལན། ཀུན་བརྟགས་ཡུལ་དང་དབང་པོའི་རྐྱེན་འཛོམས་པས། །རྟག་ཏུ་མེད་ལ་རྟོག་པའི་མཐུ་བརྟས་པས། །ཞེས་པའི་དོན་ནི་ཀུན་ཏུ་བརྟགས་པའི་མ་རིག་པ་དང་གཅིག ཕྱི་ཡུལ་གྱི་གཟུགས་སོགས་སྐྱེ་མཆེད་དྲུག་པོ་དང་གཉིས། ནང་དབང་པོའི་འཁྲུལ་སྣང་དང་གསུམ་གྱི་རྐྱེན་འཛོམས་པ་ལས། དུས་དང་རྣམ་པ་ཀུན་ཏུ་གནས་སྣང་མི་མཐུན་པའི་ཉིང་འཁྲུལ་གྱི་ནུས་མཐུ་ཇེ་རགས་དང་ཇེ་ཆེར་སོང་ནས་འཁོར་བ་འདི་ཉིད་གྲུབ་པ་བསྟན་པ་ཡིན་ལ། སྐབས་འདིར་རྟོག་པའི་མཐུ་བརྟས་ཞེས་པ་ནི་རྟོག་ཚོགས་ལ་གོ་དགོས། །