རྩོམ་བྲིས་པ།  ལྷ་ཡག་རག་པ་སོགས། དྲི་བ་གཏོང་མཁན། ཐེ་ཚོམ་བཀའ་དྲི་ཞུ་མཁན།

 

དྲི་བ། ལྷ་ས་ནས་ནག་ཆུའི་བར་དུ་(སྙིང་དྲུང་ཚུན)ཟེར་བ་ཞིག་འདམ་གཞུང་ཁོངས་གཞུང་ལམ་གྱི་ཉེ་སྐོར་ཞིག་ཏུ་འདུག་པ་དེ་དགོངས་མཛོད་རི་ཁྲོད་ཆེན་པོའི་རྣམ་ཐར་དུ། ” དེ་ནས་ང་འགྲོ་དགོས་རིངས་པས་(རན)ཡོད་པས། གདམས་པའི་མཇུག་རྣམས་སྡུས་ཤིག་གསུངས། སྙིང་དྲུང་བོན་གནས་སུ་གཤེགས་ཏེ། ཕེབས་པའི་དུས་སུ་སྤང་ཐོག་ཅིག་ཏུ། མི་ངའི་འཚེར་(མཚེར)ས་འདི་རུ་འདེབས་གསུངས་ནས་ཐོག་ཞིག་གཙུགས་སྐད་གདའ། ”  ཞེས་པའི་བོན་གནས་སྙིང་དྲུང་དེ་ཡིན་ནམ། 

ལན། འདི་གདམ་སྙིང་དྲུང་ཡིན་ས་རེད། གདམ་ཤོད་སྣར་མོ་བོན་གྱི་འདུ་ཚོགས་གནས། ཞེས་སྔར་འདི་གནས་སོ་བདུན་གྱི་གྲལ་ཡིན་པར་གསུངས།

_____དགེ་དོན་ཀུན་འགྲུབ་པ་ནས།

ལན།  འདམ་ཤོར་སྣར་མོ་བོན་གྱི་འདུ་འཚོགས་གནས། ༼ས༽འདམ་སྣར་མོ། ༼ད༽འདམ་ཤོད་སྣར་མོ། ༼པ༽འདམ་ཤོད་སྣར་མོ་ནི་གཉན་ཆེན་ཐང་ལྷའི་མདུན་འདམ་གཞུང་། བསྒྲགས་པ་རིན་ཆེན་གླིང་གྲགས་ལྡེབ་ ༡༥༡ ལས།ག་ཆུས་བྱང་མདོ་ཤོད་སྣར་མོའི་གཞུང་དུ། གཡུང་དྲུང་ཁྲི་འདུལ་གྱི་ལྷ་ཁང་བཞེངས། བྲག་ནག་རྟ་མགོ་སུམ་ལག་ཏུ། ཁྲི་འདུལ་གསལ་བའི་དགོན་པ་བཞེངས། བོན་གྱི་འཁོར་ལོ་བསྐོར་ཞེས་དང་།

དར་རྒྱས་གསལ་སྒྲོན་ལས། ག་ཆུས་བྱང་མདོ་ཤོད་སྣར་མོའི་གཞུང་དུ། གཡུང་དྲུང་ཁྲི་འདུལ་གྱི་ལྷ་ཁང་བཞེངས། བྲག་ནག་རྟ་མགོ་སུམ་ལག་ཏུ། ཁྲི་འདུལ་གསལ་བའི་དགོན་པ་བཏབ་བོན་གྱི་འཁོར་ལོ་བསྐོར་ཞེས་བཀོད་ལ། དཔལ་ཚུལ་བསྟན་འབྱུང་ལྡེབ་ ༢༢༡ ལས། དེ་རྗེས་དབུ་རུ་འདམ་ཤོད་སྣར་མོ་རུ། གཡུང་དྲུང་ཁྲི་འདུས་འོད་ཀྱི་གསས་ཁང་བཞེངས། ཞེས་ག་ཅུ་གཙུག་ཕུད་རྒྱལ་བས་གསས་ཁང་བཞེངས་ཞིང་འདུལ་བསྟན་སྤེལ་གནས་ཀྱང་ཡིན་པའོ།། །།

_____ལྷ་གཡག་རག་པ་ནས།