ལན་འབུལ་མཁན། རྩོམ་སྒྲིག་པ། དྲི་བ་གནང་མཁན། 乐滴

༡) དྲི་བ། འབུམ་རྒྱས་འབྲིང་བསྡུས་གསུམ་ལས་གསལ་བའི་སངས་རྒྱས་ཀྱི་ཡོན་ཏན་ཉི་ཤུ་རྩ་བཞི་ལས། བྱ་བ་བྱེད་པ། བྱེད་པ་བྱས་པ། གཏོ་ཆེ་བ། དཔྱད་རིང་བ། བཅས་ཀྱི་གོ་དོན་གང་འདྲ་ཡིན་ནམ། 

ལན། སྤྱིར་བཏང་གཞན་སྡེའི་ལུགས་ལའང་བྱ་བྱེད་པའི་ཆོས་དང་ཐེག་པ་སོགས་མང་པོ་ཡོད་ཀྱང་། རང་ལུགས་འདིའི་སྐབས་ཁམས་བསྡུད་ལས། འདབ་ཆགས་ཀྱི་རྒྱལ་པོ་བྱ་བ་བྱེད་པ། སོགས་ཀྱིས་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་ཆེ་བའི་ཡོན་ཏན་རྣམས་སྟོན་པ་ཡིན། 

དེ་ཡང་བྱ་བ་བྱེད་པ་ནི། འགྲོ་བ་འདུལ་བའི་ཡོན་ཏན་ཏེ་སྟོན་པས་གསུངས་པའི་བོན་རྣམས་ཀྱིས་གཞན་དོན་བྱེད་ནུས་པ།

བྱེད་པ་བྱས་པ་ནི། རྟོགས་པའི་ཡོན་ཏན་ཏེ་སྟོན་པ་རང་ཉིད་ཀྱིས་ཐམས་ཅད་ཡོངས་སུ་མཁྱེན་པ་སོགས།

གཏོ་ཆེ་བ་དང་། དཔྱད་རིང་བ་རྣམས་ནི་འགྲོ་བ་འདུལ་བའི་ཡོན་ཏན་ཏེ་གཏོ་ཐབས་སུམ་བརྒྱ་དྲུག་ཅུ་དང་། དཔྱད་ཐབས་ཉིས་ཁྲི་ཆིག་སྟོང་སོགས་ཀྱིས་ཕ་རོལ་བའི་རྐྱེན་ངན་སོགས་སེལ་བར་བྱེད་ནུས་ཀྱི་དོན་མིན་ནམ་སྙམ།

༢) དྲི་བ། ང་ཚོ་བོན་གྱི་བཀའ་འགའ་ཤས་ཀྱི་དབུ་རུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ། ཞེས་གསུངས་ཡོད་པ་དེའི་གོ་དོན་གང་འདྲ་ཡིན་པ་དང་། དེ་ལ་ལོ་རྒྱུས་རྒྱབ་ལྗོངས་དང་འབྲེལ་བའི་བཤད་པ་གང་དང་གང་ཡོད་དམ

ལན། འདི་སྐབས་རིགས་ཞེས་པ་ནི། བློ་གསལ་བ། སྙིང་རྗེ་ཆེ་བ། དད་པ་དང་ལྡན་པ། ཁུངས་བཙུན་པ་སོགས་ཀྱི་སློབ་མའི་ཡོན་ཏན་ལྡན་པའི་གངས་ཟག་རྣམས་ལ་གོ་བ་འདྲ།