རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཤེས་རབ།

ལན། ཞང་བོད་གྱི་ཡུལ་དུ་བོན་གྱི་རྒྱལ་པོ་གཙོ་བོ་གང་དང་གང་བྱུང་ཞེ་ན། ཞང་ཞུང་གི་རྒྱལ་པོ་ཧོས་རྗེ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན་ནས་བྱ་རུ་ཐོབ་པའི་རྒྱལ་པོ་བཅོ་བརྒྱད་ཀྱིས་ཡུལ་ཆེན་བཅོ་བརྒྱད་ལ་དབང་བསྒྱུར་བ་དང་། དེ་བཞིན་བོད་ཀྱི་ཡུལ་དུ་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་དང་དེའི་སྲས་མུ་ཁྲི་བཙན་པོ་ནས་བཟུང་བོད་རྒྱལ་འུ་དུམ་བཙན་བར་བོན་རྒྱལ་ནམ་བོད་རྒྱལ་ཞེ་གཉིས་བྱུང་ལ། རྒྱལ་པོ་དེ་དག་རིང་བོད་ཡུལ་ན་གཡུང་དྲུང་གི་བོན་མིན་པའི་ཆོས་ཞིག་མེད། དེ་བཞིན་རྒྱལ་རབས་དེ་དག་གི་རིང་རྒྱལ་པོའི་སྐུ་འཚོ་བའི་གཤེན་པོ་རེ་དང་། ཁྱུང་པོ་སྟག་སྒྲ་དོན་ཙུག་གཙོས་བོན་ལ་བྱས་རྗེས་ཅན་གྱི་བློན་པོ་ཡང་མང་པོ་བྱུང་ཡོད།།