བོན་གྱི་དྲིས་ལན་དྲ་མཛོད།

རྩོམ་བྲིས་པ། ཀེ་ཏ་ཀ དྲི་བ་འདོན་མཁན། ཁམས་སྐྱེས་ར་རྒོད། དྲི་བ། དབང་གི་བྱེའུ་འཕར་མ་ཞེས་པ་དེའི་དོན་གསུང་རོགས། ལན། དབང་གི་བྱེའུ་ནི་རྫོགས་ཆེན་ལས་རིག་གདངས་འཆར་ཚུལ་འགའ་ལ་ལྡེམ་དགོངས་ཀྱི་ཚུལ་དུ་གསུང་ཚུལ་འགའ་ཡོད་པ་ཞིག་རེད།། ...
རྩོམ་བྲིས་པ། དགེ་བཤེས་སྐལ་བཟང་སྨོན་ལམ། དྲི་བ་འདོན་མཁན། དགེ་བཤེས་བྱ་འཕུར་ལྷུན་གྲུབ་རྒྱ་མཚོ། དྲི་བ། དགེ་བཤེས་རྣམས་པ་ལགས། ཉམས་རྒྱུད་གཞུང་ལྟར། བུ་རིག་པའི་ཡེ་ཤེས་ངོ་སྤྲོད་སྐབས། དྲན་མེད་དུ་ཧད་དེ། གཏད་མེད་དུ་ཕྱོད་དེ། རྟོག་མེད་དུ་རྗེན་ནེ། འཛིན་མེད་དུ་ཧྲིག་གེ་ཞེས་པའི་ཧད་དེ་དང་། ཕྱོད་དེ། རྗེན་ནེ། ཧྲིག་གེ་སོགས་ཀྱི་ཉམས་འཆར་སྟངས་རྣམ་པ་མ་འདྲ་བ་འདུག་གམ། ལན། གོང་གི་དྲི་བ་བཞིན་ཉམས་འཆར་ཚུལ་མི་འདྲ་བ་མེད་ལ་རྩལ་ཤར་གྱི་རང་རིག་ངོ་འཕྲོད་པའི་ཚེ་ན་བློ་དྲན་རིག་གི་ཤེས་པ་རང་གྲོལ་དུ་སོང་ནས་བསམ་མེད་དུ་གནས་པས་དྲན་མེད་དུ་ཧད་དེ་ ...
རྩོམ་བྲིས་པ། སྲིད་པའི་མིག དྲི་བ་གཏོང་མཁན། ཞང་ཚུལ་མུ་ལ། དྲི་བ། གཞི་རྩ་ངོས་བཟུང་ཞེས་པའི་གཞི་ངོས་འཛིན་གནང་སྟངས་ཇི་འདྲ་ཡིན་ནམ། ལན། སྤྱིར་བཏང་སེམས་ཀྱི་གཤིས་ལུགས་སམ་ངོ་བོ་དེ་ལ་གཞི་ཞེས་ངོས་འཛིན་པ་ཡིན་ལ་བྱེ་བྲག་ཏུ་རང་རང་གི་རྒྱུད་ཀྱི་སེམས་ཉིད་དེ་རང་རྒྱུད་ཀྱིས་བསྡུས་པའི་འཁོར་འདས་གང་རུང་གི་རྟེན་པའི་གཞི་ཡིན། ཁྱད་པར་ཐེག་པ་ཆེན་པོའི་ལུགས་ལྟར་ན་འཁོར་འདས་གང་རུང་གི་རྟེན་གཞིར་བྱེད་པའི་གསལ་སྟོང་ཟུང་འཇུག་གི་སེམས་དབྱིངས་དེ་ལ་གཞི་ཞེས་ངོས་འཛིན་གནང་ཡོད།། ...
རྩོམ་བྲིས་པ། སྲིད་པའི་མིག དྲི་བ་གཏོང་མཁན། དགེ་བཤེས་སྐལ་བཟང་སྨོན་ལམ། དྲི་བ། ང་ཚོ་བོན་གྱི་ཆོས་བརྒྱུད་ལ་འཇའ་ལུས་འཕོ་ཆེན་ཉེར་བཞི་ཟེར་བ་སོགས་ངོམས་སུ་འོས་པའི་སྐྱེས་ཆེན་མང་པོ་ཞིག་གདམས་ངག་ཁྱད་པར་ཅན་གྱི་གནད་ལ་བརྟེན་ནས་གཤེགས་སོང་བའི་ལོ་རྒྱུས་ཟབ་རྒྱས་ཡོད། ཡིན་ན་ཡང་དེང་སང་གསར་དུ་བཤད་རྒྱུ་ཐོས་རྒྱུ་མང་བ་ཞིག་ལ་བླ་སྤྲུལ་དགེ་བཤེས་རྣལ་འབྱོར་བ་གང་ཞིག་སྐུ་ཞི་བར་གཤེགས་ཚེ་རྟགས་ཡ་མཚན་ཕྲན་བུ་བྱུང་བ་ཙམ་ལ་ཡང་འཇའ་ལུས་སུ་གཤེགས་འདུག ཐུགས་དམ་བཞུགས་འདུག་ཟེར་བ་སོགས་ཀྱིས་མཚོན་ཚང་མ་རྫོགས་ཆེན་རྣལ་འབྱོར་བ་ཡིན་པ་ལྟ་བའི་དོགས་འདྲོག་ཆ ...
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། མྱི་གངས་དཀར། དྲི་བ། རྫོགས་ཆེན་གྱི་གཞུང་རྣམས་སུ་ལོངས་སྤྱོད་རྣམ་པ་བཞི་ཞེས་པ་གང་ཡིན་ནམ། ལན། ཚོགས་ཀྱི་མཆོད་པ་ཆ་གཅིག་བླ་མའི་མཆོད་པ་དང་། ཆ་གཅིག་ཚོགས་དང་མཆོད་པར་བཤམ། ཆ་གཅིག་སེམས་དཔའ་ཕོ་མོས་རོལ། ཆ་གཅིག་ཕྱི་རོལ་ཚོགས་སོགས་བྱ། ཞེས་པ་ལྟར་རོ།། ...
རྩོམ་བྲིས་པ། སྲིད་པའི་མིག དྲི་བ་གཏོང་མཁན། ཉི་མ། དྲི་བ། རྫོགས་ཆེན་གྱི་བླ་རྒྱུད་འཇའ་ལུས་ཉེར་བཞིའི་མཚན་ཐོ་ཙམ་དང་། གདམས་ངག་གནད་བསྡུས་རེ་སྙན་བརྒྱུད་རྒྱས་འབྲིང་བསྡུས་གསུམ་ཀའི་དཔེ་ཆའི་ནང་བཞུགས་འདུག་ཀྱང་ཁོང་རྣམ་པའི་ཡབ་ཡུམ་གྱི་ལོ་རྒྱུས་དང་སྐྱེས་ས་རུས་ཁུངས་སོགས་ཁ་གསལ་གསུང་རོགས། ལན། དྲི་བ་དེ་ནི་ལོ་རྒྱུས་དངོས་གཙོ་སྨྲ་བ་རྣམས་ལ་དགོས་ངེས་ཤིག་ཡིན་འདུག་སྟབས་སྙན་བརྒྱུད་བླ་མ་བརྒྱུད་པའི་རྒྱུད་རིམ་ལྟར་འཇའ་ལུས་ཉེར་བཞིའི་ཡབ་ཡུམ་དང་། ས་གནས། མཛད་པ་བཅས་དེང་དུས་ཀྱི་བླ་མའི་རྣམ་ཐར་བཞིན་ཞིབ་རྒྱས་ཡོད་པའི་དཔེ་རྒྱུན་ད་བར་མཇལ་ཡུ ...
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཤེས་རབ། དྲི་བ། གཡུང་དྲུང་བོན་གྱི་ལུགས་ལ་གྲོལ་ལམ་རྫོགས་པ་ཆེན་པོའི་ཐེག་པ་ཟེར་ན་གང་རེད་དམ། ལན། དེ་ནི་གཙོ་བོར་གདུལ་བྱ་དབང་རྣོན་བློ་རིག་གསལ་བ་རྣམས་ལ་ལྟོས་ཏེ་ཉོན་མོངས་པ་རྣམས་ལ་དགྲ་གཉེན་གང་དུའང་མི་ལྟ་བར་བཅོས་མེད་རང་སར་བཞག་པས་ན་གྲོལ་ལམ་དང་། སྟོང་སངས་ཁྱབ་བདལ་ནམ་མཁའ་ལྟ་བུ་གསལ་སྟོང་ཐིག་ལེ་ཉག་གཅིག་དེ་ལ་འཁོར་འདས་ཤེས་བྱ་ཐམས་ཅད་རྫོགས་ཤིང་ལམ་ལྔ་དང་ས་བཅུའི་ཡོན་ཏན་ཀུན་རྫོགས་པས་རྫོགས་པ་ཆེན་པོའོ།། གཞུང་ནི། ཞང་ཞུང་སྙན་བརྒྱུད་བཀའ་རྒྱུད་སྐོར་བཞི་དང་། ཡེ་ཁྲི་མཐའ་སེལ། བསྒྲགས་པ་ ...
རྩོམ་བྲིས་པ། དགེ་གཤེན་ཚེ་ཚང་འོད་ཟེར་རྒྱལ་མཚན། བརྡ་སྤྲོད་ཀྱི་སྐོར་གླེང་བ།  (དབྲ་རིག་སད་ཀྱི་<< བརྡ་སྤྲོད་གླིང་ >> སྒོ་འབྱེད་ཆེད་དུ་ཕུལ།) དང་པོ། བརྡ་སྤྲོད་ཅེས་པའི་དོན། སྤྱིར་བཏང་བརྡ་སྤྲོད་ཅེས་པའི་བརྡ་དེ་ལ་སྒྲ་ཡི་བརྡ་སྦྱོར་དང་གཟུགས་ཀྱི་བརྡ་སྦྱོར་གཉིས་ཡོད་པའི་ནང་ནས་འདིར་སྒྲ་ཡི་བརྡ་སྦྱོར་ཁོངས་སུ་རྟོགས། དེའང་དོན་གང་ཞིག་སྒྲའམ་ངག་གི་ལམ་ནས་འདྲེན་པ་དེར་ “ བརྡ་ ” དང་། བརྡ་དེས་དོན་ཕྱིན་ཅི་མ་ལོག་པར་གཞན་ལ་ངོ་སྤྲོད་པའམ་དོན་སྟོན་ནུས་པས་ན་ “ སྤྲོད་ ” ཅེས་གོ་དགོས་པར་སྣང་། དེ་ཡང་ཞང་སྐད་ནང་དུ ...
རྩོམ་བྲིས་པ། ཞང་ཞུང་ཁྱུང་ལུང་དངུལ་མཁར་བ་ཚུལ་ཁྲིམས་ཕུན་ཚོགས། ཕྱི་གླིང་པས་བོད་དང་བོན་པོར་ཞིབ་འཇུག་བྱས་པས་ལྟ་བའི་སྐོར་རོབ་ཙམ་གླེང་བ།  དོན་ཚན་དང་པོ། དུས་རབས་བཅུ་དགུའི་དུས་སྨད་ནས་དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུ་དང་དྲུག་ཅུའི་བར་གྱི་ཕྱི་གླིང་བ་ཚོས་བོད་ཀྱི་བོན་པོར་འཛིན་པའི་ལྟ་ཚུལ།  ཐུའུ་བཀྭན་གྲུབ་མཐའ་རྒྱ་གར་པ་ལོ་ཙྭ་བ་ཙནྡྲ་ད་སིས་དབྱིན་སྐད་དུ་བསྒྱུར་ཏེ་ཕྱི་ལོ་ ༡༨༨༡ ལོར་དཔར་སྐྲུན་བྱས་པས་དེ་ནི་ཕྱི་གླིང་པས་བོན་པོར་འཛིན་པའི་ལྟ་བའི་རྨང་གཞི་དུ་གྱུར་པ་རེད། མདོར་ན་དེས་ནི་བོན་གྱི་སྐོར་ལ་བརྡོལ་བོན་དང་། འཁ ...
རྩོམ་བྲིས་པ། དགེ་གཤེན་ཚེ་ཚང་འོད་ཟེར་རྒྱལ་མཚན། སངས་རྒྱས་ཀྱི་དབུ་ཡི་གཙུག་ཏོར་སྐོར་ལ་ཐོག་མར་དཔྱད་པའི་གཏམ་མེས་པོའི་ཞལ་ལུང་།  ( མ་རྩོམ་ཡོང་ཁུངས། ལུག་ཚང་དཔལ་ཡོན། སྡེ་ཚན་དང་པོ།  སྡེ་ཚན་གཉིས་པ། སྡེ་ཚན་གསུམ་པ། ) ཉེ་ཆར་བོན་དྲིས་ལན་ར་བར་དཔྱོད་ལྡན་འགའ་ཞིག་གིས་སངས་རྒྱས་ཀྱི་དབུ་ཡི་གཙུག་ཏོར་དེ་ཇི་ཞིག་ཡིན་པའི་དྲི་བ་དང་འབྲེལ། སྐབས་དེར་ལན་ཟུར་ཙམ་ཕུལ་ཡོད་ཀྱང་། ད་དུང་རང་འདྲའི་རྟོག་དཔྱོད་ལ་དགའ་བ་ཅན་འགའ་ཞིག་ལ་རྒྱས་ཙམ་ཞིག་དགོས་པར་སྙམ་སྟེ། ཉིན་ཤས་སློབ་གསེང་དང་ལས་ཀའི་ཞོར་ནས་འདིའི་སྐོར་སྣ་ཟིན་སྤུ་ ...
རྩོམ་བྲིས་པ། རིས་མེད་པ། (ཁམས་སྟོད་སྦྲ་ཆེན།) བོན་ནམ་བོད་ཀྱི་བཀའ་རིན་པོ་ཆེའི་མཚན་དང་མ་ཕྱི་ཞུ་དག་ཐད་ལ་བསམ་ཚུལ་ཞིག གཅིག དེ་རིང་ཉིན་བཟང་འདི་ལ་བོན་གྱི་ཤེས་རིག་བདག་ཉིད་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་སྨྲོས་ན་རྒྱལ་བ་གཤེན་ཚང་གི་གདུང་འཛིན་དམུ་སྲས་ཡིན་གཞིན་ནོར་བུ་དབང་གི་རྒྱལ་པོ་རིན་པོ་ཆེ་ཡིས་སྤྱིར་བོན་བསྟན་སྤྱི་དང་། སྒོས་སུ་བོད་དམ་བོན་གྱི་བཀའ་རིན་པོ་ཆེའི་མཚན་དང་ཕྱོགས་བསྒྲིགས་སྐོར་ལ་གཅིག་མཚུངས་དགོས་པའི་བཀའ་སློབ་གསེར་ཞུན་མ་དུས་ཐོག་ཆར་དང་། ནད་ཐོག་སྨན་བསྩལ་བ་ལ་ཐོག་མར་འདི་ནས་གུས་པའི་ཕྱག་དང་མོས་པའི་ད ...
རྩོམ་བྲིས་པ། དགེ་གཤེན་ཚེ་ཚང་འོད་ཟེར་རྒྱལ་མཚན། རྡོ་བརྐོས་ཀྱི་དགེ་མཚན་གླེང་བ།  (མ་རྩོམ་ཡོང་ཁུངས། ཧི་མ་ལ་ཡའི་བོན་དྲ་བ།) [su_accordion] [su_spoiler title="རྡོ་བརྐོས་སྤྱི་ཡི་འཕེལ་རིམ།" style="fancy"] རྡོ་བརྐོས་སྤྱི་ཡི་འཕེལ་རིམ། སྤྱིར་བཏང་རྡོ་བརྐོས་རིག་པ་ནི་བོད་ཀྱི་སྐད་དུ་བཅུ་ཕྲག་རིག་པ་ཞེས་པའི་ནང་ཚན་བཟོ་རིག་པའི་ཁོངས་སུ་གཏོག་སྙམ། སྤྱིར་རྡོ་བརྐོས་ནི་བོད་ཡུལ་ཙམ་མ་ཚད་ཡུལ་གཞན་ལའང་གནའ་སྔོན་ནས་ཆེ་ཆེར་དར་ཡོད་དེ། འཛམ་གླིང་སྟེང་ཆེས་གྲགས་ཆེ་བའི་ཨ་རབ་དང་རྒྱ་གར་ཡུལ་གྱི་རྡོ་བརྐོས་སོགས་ཀྱིས་ཤེས་ནུས ...
རྩོམ་བྲིས་པ། དགེ་གཤེན་ཚེ་ཚང་འོད་ཟེར་རྒྱལ་མཚན།གཡུང་དྲུང་བོན་གྱི་བཀའ་འགྱུར་རིན་པོ་ཆེ་ཕྱོགས་བསྡུའི་གཅིག་འགྱུར་ཡོང་ཐབས་སྐོར་གྱི་བསམ་འཆར།ད་ལན་དམུ་རིགས་གཤེན་གྱི་གདུང་སྲས་ནོར་བུ་དབང་རྒྱལ་རིན་པོ་ཆེ་མཆོག་གིས་དེང་བསྟན་པ་དང་རིག་གཞུང་ཉམས་གསོ་ཆེད། ཐུགས་ཁུལ་དང་ལྷག་བསམ་ཅན་ཚོས་གཡུང་དྲུང་བོན་གྱི་བཀའ་འགྱུར་རིན་པོ་ཆེ་པར་ཐེངས་གང་མང་བཏབ་དང་འདེབས་བཞིན་པ་འདིར་མ་འོངས་མི་རེའི་ལུགས་རེ་མི་འབྱུང་བའི་ཆེད། གཡུང་དྲུང་བོན་གྱི་བཀའ་འགྱུར་རིན་པོ་ཆེ་ཚད་ལྡན་གཅིག་གྱུར་ཞིག་ཡོང་ཐུབ་ཐབས་འབེད་དགོས་པར་བཀའ་སློབ་གནང་བར་བརྟེན། བོན་གྱི ...
ཨེ་མ་ཧོ། རབ་འབྱམས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི། ། མཁྱེན་བརྩེ་ཡེ་ཤེས་ངོ་བོ་གཅིག་བསྡུས་པའི། ། ཟབ་རྒྱས་གཤེན་བསྟན་སྤེལ་བའི་འཕྲིན་ལས་ཅན། ། ལུང་རྟོགས་བསྟན་པའི་ཉི་མ་རྟག་འཆར་ཤོག ། ༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་དཔོན་སློབ་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༡༩༩༤ ཟླ་ ༣ ཚེས་ ༥ ལ་བསྟོད་པའོ།། །། ཨེ་མ་ཧོ། བསླབ་གསུམ་བསྟན་པའི་བདག་ཉིད་འགྲོ་བའི་མགོན། ། ཀུན་མཁྱེན་ཉི་དབང་རྣམ་རོལ་དགོངས་རྩལ་རྫོགས། ། མདོ་སྡེ་སྔགས་ཀྱི་གནས་ལུགས་རྫོགས་པ་ཆེ། ། བསྟན་པ་འཛིན་སྐྱོང་འཕྲིན་ལས་རྣམ་པར་དག། ཡོངས་འཛིན་སྨྲ་བའི་དབང་པོར་གསོལ་བ་འདེབས། ། ༧སྐྱབས་ ...
མཛད་པ་པོ། བླ་ཆེན་དྲན་པ་ནམ་མཁའ། གཤེན་རབ་མཛད་པ་མཐར་ཕྱུང་གི་གཟེར་བུ་ཞེས་བྱ་བ་བཞུགས་སོ།། (དྲང་དོན་མུན་སེལ་སྒྲོན་མ་ལས་ཟུར་དུ་དྲངས།) སྟོན་པའི་སྒྲོན་མ་མ་རིག་མུན་པ་སེལ་ལ་ཕྱག་འཚལ་ལོ། །བོན་གྱི་ཆེ་བ་བརྗོད་པ་གཤེན་རབ་མཛད་པ་མཐར་ཕྱུང་གི་གཟེར་བུ་འདི་ལ། དོན་རྣམ་པ་གཉིས་ཏེ། དཀའ་བ་སྣ་ཚོགས་དང་དུ་བླངས་ནས། ཐར་པ་ཐོབ་ཚུལ་བསྟན་པདང་། མཛད་པ་བཅུ་གཉིས་ཀྱིས་སེམས་ཅན་དོན་ཇི་ལྟར་མཐར་ཕྱུངས་ཚུལ་བསྟན་པའོ། །དེ་ལ་དང་པོ་དཀའ་བ་ནི། སྤྲུལ་པའི་སྐུ་གཤེན་རབ་ཉིད་ཀྱིས།བསྐལ་པ་གོང་མའི་གོང་མ་ནས།སེམས་བསྐྱེད་ཚོགས་བསགས་སྒྲིབ་པ་སྦྱངས་ཏེ།སྐྱེ་བ ...
རྩོམ་བྲིས་པ། དགེ་ཧི་མ་ལ་ཡའི་རྒྱལ་སྲས། ལོ་གསར་ཉིན་ཧོར་ཟླའི་ལོ་གསར་གླེང་བ། དེ་རིང་འཕྲིན་སྟེགས་དང་ཁ་པར་སོགས་ཀྱི་ལམ་ནས་ལོ་གསར་པའི་ཁ་གཡང་འབོད་མཁན་གང་མང་བྱུང་བས་ཚང་མར་བཀའ་དྲིན་ཆེ་ཞུ་བ་དང་། ལོ་གསར་པའི་ནང་རྣམ་པ་ཚོ་ཡང་སྐུ་གཟུགས་གསལ་དངས་དང་ཁྱེད་དག་གི་མཛད་འཆར་གང་ཡོད་གེགས་མང་ངང་མྱུར་འགྲུབ་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད། ངས་ཁར་སྔོན་སོ་ནམ་ལོ་གསར་གྱི་སྐོར་ཅུང་ཙམ་གླེང་བ་བཞིན་དེ་རིང་ཡང་རྒྱ་ནག་གི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ཧོར་ཟླའི་ལོ་གསར་སྐོར་ཅུང་ཞིག་གླེང་བར་འདོད། རྒྱ་ནག་གི་ལོ་གསར་ནི་ནུང་ལིའི་ཞིའི་ཉི་(農曆新年 ) སྟ ...
རྩོམ་བྲིས་པ། དགེ་བཤེས་བསྟན་འཛིན་སྦྱིན་པ། བརྟན་བཞུགས་མནྡལ་ཞིག་གི་དོད་དུ་བཀའ་དྲིན་རྗེས་སུ་དྲན་པ། དེ་རིང་གི་དུས་བཟང་འདིར་༸སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་སྨྲ་བའི་སེང་གེའི་འབུར་ཐོན་གྱི་མཛད་པ་ཆེ་ཤོས་ཁག་ཅིག་གཤམ་དུ་ངོ་སྤྲོད་ཞུ་བར་འདོད་པས་བོན་སྐྱོང་སྲུང་མ་རྣམས་ཀྱིས་གཟུ་དཔུང་མཛད་དུ་གསོལ་ལོ། ། བླ་མ་ཡི་དམ་མཁའ་འགྲོ་གསུམ་གྱི་ཞབས་ལ་གུ་དུན་ཧྲུན། ། ༧ རྫོགས་པའི་སངས་རྒྱས་དངོས་བཞུགས་ཀྱང་། །ཁྱེད་ལས་ལྷག་པའི་བྱ་བ་ཞིག །འདི་ཞེས་ཡོད་རེ་དཀོན་ནོ་ཞེས། །ཁྱེད་ཀྱི་མཛད་པའི་ཆེ་བ་དྲན།། ༧ རྣམ་འདྲེན་དམུ་སྲས་མགོན་པོ་ཡི། །སྐུ་གས ...
རྩོམ་བྲིས་པ། དགེ་ཧི་མ་ལ་ཡའི་རྒྱལ་སྲས། ཞང་བོད་ལོ་གསར་གྱི་གཏན་ཚིགས་འཚོལ་བ། སྤྱིར་བཏང་མཁས་པ་རྣམས་ཀྱིས་ “བོད་མི་དམངས་ཀྱིས་ནམ་ཟླ་དང་བསྟུན་ནས་ནོར་ལུག་འཚོ་སྐྱོང་དང་རུ་སྤོར་བ། ཞིང་འདེབས་པ། སྟོན་བསྡུ་བ་སོགས་ཀྱི་ལས་ལ་འབད་ཀྱིན་ཡོད་པས། ལོ་སར་གྱི་དུས་ཚོད་གཅིག་མཐུན་མིན།” ཞེས་གསུངས་པ་ལྟར། བོད་ཀྱི་ལོ་གསར་ལ་བརྩི་སྟངས་མང་དག་ཅིག་ཡོད་མོད། ཡོངས་གྲགས་དེང་ཧོར་ཟླ་ཞེས་པའི་ཟླ་བ་དང་པོའི་ཚེས་གཅིག་ལ་ངོས་འཛིན་པ་གཅིག་དང་། ཡང་ཧོར་ཟླ་ཞེས་པའི་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་ངོས་འཛིན་པ་གཉིས་དེ་ཁྱབ་ཆེ། འདིའི་འདོད་ཚུལ་སྔ་མ་ཧོར་ཟླ་ཞེས་པ་ ...
རྩོམ་བྲིས་པ། དགེ་སྲིད་པའི་མིག བོན་གྱི་གདུང་རྒྱུད་ཀྱི་སྡེ་དྲུག་ཅེས་པའི་སྐོར་ལ་གླེང་བ། ཁ་སྔོན་ " གནས་མཆོག་འོལ་མོ་ལུང་རིང་ན་གདུང་རྒྱུད་ཀྱི་རྒྱལ་པོ་སྡེ་དྲུག་ཡོད་པ་བཞིན་བོད་གངས་ཅན་དུ་ཡང་གདུང་དེའི་ཚབ་ལྟ་བུར་དྲུག་དུ་རྩིས་པ་འདྲ་བསམ།" ཞེས་བདག་མེད་འཇག་སྐྱའི་བློ་གྲོས་ཀྱི་སྒོ་བསྟན་པ་ལས་བསམ་ཚུལ་གོ་བསྡུར་བའི་ཆེད་དུ་གཤམ་ནས་ལུང་འགའ་འགོད་པར་འདོད། དེ་ཡང་འོལ་གླིང་གི་གདུང་རྒྱུད་རྒྱལ་པོ་སྡེ་དྲུག་ནི། ༡) གཤེན་ལྷ་དམུ་ཡི་གདུང་རྒྱུད། ༢) གལ་ཆེན་ཤགས་ཀྱི་གདུང་རྒྱུད། ༣) གསས་ཆེན་ཧོས་ཀྱི་གདུང་རྒྱུད། ༤) གནམ་རྗེ་དཔོ་ཡི་གདུང་རྒྱུ ...
རྩོམ་བྲིས་པ། འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས། སོག་གཡུང་དྲུང་གླིང་གི་ལོ་དུས་ལ་དཔྱད་པ། (རྩོམ་ཡོང་ཁུངས། སྦྲ་སོག་འབྲི་གསུམ་དྲ་བ།) འདིར་གཙོ་བོ་སྟོད་ལུང་འབྲི་ལུང་དགོན་དང་། སོག་གཡུང་དྲུང་གླིང་གཉིས་སོག་དམག་གིས་གཏོར་བའི་ལོ་དུས་ལ་དཔྱད་པ་གཏོང་རྒྱུ་ལས་རྩ་བའི་འབྲི་ལུང་དགོན་གྱི་ལོ་རྒྱུས་རྒྱས་པ་ཁོ་བོས་ཟུར་དུ་བྲིས་ཡོད་པས་འདིར་གླེང་རྒྱུ་མིན། ལོ་རྒྱུས་ཐོག་སོག་པོའི་བདུད་དམག་གདུག་རྩུབ་ཅན་གྱིས་བོད་ལ་གཏོར་བཅོམ་འཕྲོག་གསུམ་དང་། བསད་རྨས་བསྲེགས་གསུམ་གྱི་བྱ་ངན་ཐེངས་མང་སྤེལ་ཡོད་ཀྱང་། གཙོ་བོ་དམག་ཤུགས་ཆེ་ཤོས་ཐེངས་ག ...
རྩོམ་བྲིས་པ། ཕུར་བུ་རྒྱལ་མཚན། ༼ཞང་ཞུང་རྒྱལ་ས་འཚོལ་བ་༽ཞེས་པའི་རྩོམ་ཡིག་ལ་ཕུལ་བའི་དཔྱད་ལན། (རྩོམ་ཡོང་ཁུངས། གངས་ཏི་སེ་མངའ་རིས་རིག་གནས་ལས་ཤག 冈底斯阿里文化工作室) ལྡོག་ཏུ་དཀའ་བའི་དུས་ཀྱི་རྒྱལ་མོས་ཡོད་པའི་བྱ་དངོས་མང་པོ་སྟོང་པའི་ཀློང་དུ་དྲངས་ཤིང་། བརྗིད་ཉམས་དང་དཔལ་ཡོན་ཡོད་ཚད་ཀྱང་རྗེས་ཤུལ་མངོན་དཀའ་བར་འགྱུར་བའི་དབང་གིས་སྟོང་ལོ་གཅིག་གི་ཡར་སྔོན་ན་སྟོབས་འབྱོར་མངའ་ཐང་རྒྱས་པའི་ཞང་ཞུང་གི་རྒྱལ་མཁར་ཡང་དེང་སྐབས་ཐ་གཅིག་ཏུ་ངོས་འཛིན་མི་ཐུབ་པའི་རྩོད་གཞི་ཞིག་ཏུ་འགྱུར་ཡོད་པ་རེད། འོན་ཀྱང་རྩོད་གཞི་དེ་ནི་ཉེ་བའི་ལོ་འགའི་སྔོན་ ...
རྩོམ་བྲིས་པ། དགེ་བཤེས་གཤེན་ཚེ་ཚང་། གསེར་སྐྱེམས་དང་གཡུ་མངོན་ཞེས་པའི་སྐོར་ཅུང་ཞིག་གླེང་བ།  (མ་རྩོམ་ཡོང་ཁུངས། ཧི་མ་ལ་ཡའི་བོན་དྲ་བ།) དང་པོ། གསེར་སྐྱེམས་ཀྱི་སྐོར།  སྤྱིར་ཐ་སྙད་འདི་དག་སྐོར་ཕྱིས་བྱུང་བོད་ཀྱི་མཁས་པ་ཚོས་དང་པོ་གསེར་སྐྱེམས་ཞེས་པའི་ “གསེར་” ནི་གསེར་གཡུ་སོགས་ཀྱི་གསེར་དང་། “སྐྱེམས་” ནི་བཏུང་བྱའི་ཞེ་ས་ཡིན་པར་བཤད་དེ། དཔེར་ན་གསེར་སྐྱོགས་དང་གསེར་སྣོད་སོགས་ཀྱི་ནང་དུ་ཆང་འབུལ་བ་དང་། ཡང་སྐྱེམས་ཞེས་པ་ཆང་ལ་ཞེ་ས་དང་ཆེ་རྟགས་རྗོད་ཚེ་གསེར་སྐྱེམས་ཞེས་བརྡ་སྦྱར་བ་དང་། ཡང་ཆང་ནང་དུ་གསེར་ཕྱེ་སོགས་བླུ ...
རྩོམ་བྲིས་པ། ཁྱུང་ཁྲི་ལྡེ། (མ་རྩོམ་ཡོང་ཁུངས། མེ་ལོང་ཡེ་ཤེས་དྲ་ཚིགས།) " རྟག་གཟིགས་ཀྱི་བརྒྱུད་པ་ཐ་མ་རྫུ་འཕྲུལ་ཡེ་ཤེས་ཞང་ཞུང་ལ་ཕེབས་ནས་ཞང་ཞུང་བརྒྱུད་པ་དང་པོ་ཡེ་ཤེས་ཚུལ་ཁྲིམས་ཀྱི་དུས་སུ་ཞང་ཞུང་ཡུལ་དུ་འདུས་སྡེ་ཕྱག་བཏབ་ནས་འདུལ་བའི་བསྟན་པ་སྤེལ་བའི་སྲོལ་དར། དེ་ནས་ཞང་ཞུང་སྟོད་དུ་འདུས་སྡེ་དྲུང་མུ་ཁྲི་རྩེ་དང་། གཡུང་དྲུང་ལྷ་རྩེ། གཡུང་དྲུང་བརྩེགས་པའི་འདུས་སྡེ་བཅས་གསུམ་བྱུང་། " " དྲུང་མུ་ཁྲི་རྩེ། དྲུང་མུ་ཁྲི་རྩེ་ནི་དེང་དུས་མངའ་རིས་ཀྱི་ས་ཁོངས་སྤུ་རོང་རྫོང་ཧོར་ཤང་གི་མངའ་ཁོངས་ཏེ་སྤོས་རི་ངད་ལྡན་གྱི་ཤར་རྒྱུད་བྲག་ལ ...
རྩོམ་བྲིས་པ། སྐྱབས་སྟོན་རིན་ཆེན་འོད་ཟེར། སྐྱབས་སྟོན་ཁྲོ་འགྲེལ་ལས། " གཉིས་པ་གྲུབ་པ་ཐོབ་པའི་གནས་དགུ་ནི། དབལ་བོན་གྱིས་བདུད་དང་སྲིན་པོ་དབང་དུ་བསྡུ་བའི་ཕྱིར། དབལ་གྱི་མ་མོ་ཉེར་བདུན་རྫུ་འཕྲུལ་བཅུ་གསུམ་སྒོ་ནས་སྒྲུབ་པའི་གནས་ནི། སྟོད་ན་དབལ་གྱི་བྲག་ཕུག་རོང་ཆེན་བྱ་བ་འབྲུབ་ཁུང་གཏིང་ཟབ་རྦ་ཀློང་བཅས་པ་ཡོད་ཅིང་། མ་རྒྱུད་ནས། དེའི་ཤར་ཉི་གོང་གཉན་དམར་ལྷ་རྒོད་ཀྱི་སྒྲུབ་གནས་དང་། བྱང་ན་གེ་ཁོད་གཉན་ལུང་གེ་ཁོད་ཀྱི་དང་། ནུབ་ན་སེང་གེ་རྒྱ་མཆོང་མ་རྒྱུད་ཀྱི་དང་། ལྷོ་ན་དབལ་རི་ཟུར་གསུམ་ཕུར་པའི་སྒྲུབ་གནས་ཅེས་དང་། བྱམས་མ་ནས། འཛམ་ག ...
མཛད་པ་པོ། སྐྱབས་སྟོན་རིན་ཆེན་འོད་ཟེར། སྐྱབས་སྟོན་ཁྲོ་འགྲེལ་ལས། " གསུམ་པ་དངོས་གྲུབ་བསྙེམས་པའི་གནས་དགུ་ནི། འགྲེལ་ལས། ཏི་སེ་ཡན་ལ་སོ་སོའི་དགོས་པ་དང་བཅས་ཏེ་བཤད་པ་འདིར་ཡར་དྲངས་ཤིང་། འདི་མན་ཆོད་ལ་དགོས་པ་མ་བྱུང་པ་ནི། སྒོ་བཙན་འདི་བཏུལ་མེད་པས་སྤྱི་སྒྲུབ་དུ་བྱས་ཆ་ཡིན་སྲིད་དོ། །སད་ནེས་དྭང་ར་ནི་མཚོའི་ཞང་སྐད་ལ་གཡུ་བུན་ནི་དེ་ཡོད་པའམ། སྔོན་དུས་རྟགས་གཡུ་རུ་བྱས་ནས་བཏགས་པ་ལ་མིང་བཏགས་སྲིད་དོ། །མཚོ་སྨན་ཡང་གསེར་ཏང་ཡི་གེ་བྱ་བ་རྨའི་གཏེར་གྱི་བཀའ་སྲུང་གི་རྩ་བ་སྟེ། དེ་དང་རྟ་སྒོ་གཉིས་ལ་སྒྲུབ་སྐོར་ཀྱང་ཟབ་མོ་བྱུང་ངོ་། ...
མཛད་པ་པོ། སྐྱབས་སྟོན་རིན་ཆེན་འོད་ཟེར། སྐྱབས་སྟོན་ཁྲོ་འགྲེལ་ལས། " སེ་ལྡེ་མེ་ཉག་གསུམ་གྱིས་སློབ་དཔོན་སྟོང་རྒྱུང་ལ་དུས་གཅིག་ལ་ཞུས་ནས། བཀའ་རྒྱ་བཀྲོལ་བས་སྟོང་གསས་མིང་སྐད་དོ། །སྤ་དྲོའི་འདུ་གནས་ལ་སྟོད་མང་མཁར་དུ་བཤད་པ་དེའི་ཕུག་པ་ལ་སྒྲུབ་ཅིང་། སད་ཀྱི་དེ་ཡན་ཆད་གཅིག་རྒྱུད་ཡིན་པ་ལ་སྟོང་རྒྱུང་གིས་བཀའ་རྒྱ་བཀྲོལ་བ་མཆོག་གི་དངོས་གྲུབ་བསྙེམས་པ་དང་། དབལ་མོ་འཕྲག་དོགས་པས་ལྷོ་གཏེར་ལ་སོགས་ནུབ་པའི་རྩ་བ་ཡང་དེས་བྱས་སོ། །ཞེས་སོ། །ལྷོ་བྲག་ནས་སྟོང་རྒྱུང་གི་གནས་ཡེར་(ཡར་)ལུང་རབ་གོང་དང་། ཤ་རི་ལ་ཁྱུང་ལུང་དང་། མེ་ཉག་ལ་མང་མཁར་དང་། ...
མཛད་པ་པོ། སྐྱབས་སྟོན་རིན་ཆེན་འོད་ཟེར། སྐྱབས་སྟོན་ཁྲི་འགྲེལ་ལས། " བསྭོ་བསྭོ་ནི་ཐོ་ཐོ་བོན་གྱི་སྤྱི་འདྲེན་ཡིན་པ་དང་། སྔགས་ཚིག་ཡིན་པས་བྱིན་བརླབ་ཆེ་བ་དང་། ང་རོའི་ཡི་གེ་ཡིན་པས་དབྱངས་ཀྱིས་འདྲེན་ནོ། །གཉིས་བརྩེགས་ནི་ནན་ཏན་གྱི་ལུང་ཡིན་པས་དྲག་ཏུ་འབོད་དགོས་པས་ཡིན་ནོ། །" ཞེས་སོ།། །། ...
མཛད་པ་པོ། སྐྱབས་སྟོན་རིན་ཆེན་འོད་ཟེར། སྐྱབས་སྟོན་ཁྲོ་འགྲེལ་ལས། " དང་པོ་ལ་འབྱུང་བ་ལྔར་བསྟན་པ་ནི། སྔགས་ཀྱི་ལུགས་ལ་བདེ་བར་གཤེགས་པའི་ཐུགས་རྗེའི་རྫུ་འཕྲུལ་ལས་བྱུང་བར་འདོད་དེ། འགྲེལ་ལས། ཡུམ་གྱི་མཁའ་ལྔ་ལས་ཤར་བས་མཁའ་ལྔ་སྤྲུལ་པའི་འབྱུང་བ། དེ་ལ་འོད་མཐིང་ཁ་ལ་སོགས་ཝལ་ལེ་ཁྱུག་གེ་སྣང་བས་འཁྲུལ་སྣང་གི་འབྱུང་བ། ཨ་ཡང་རཾ་མཾ་ཁཾ་ལས་སྐྱེས་པས་གཉེན་པོ་ཡེ་ཤེས་ཀྱི་འབྱུང་བ་ཞེས་སོ། ། དེ་ཡང་ཡུམ་ནམ་མཁའི་ལྷ་མོའི་ཐུགས་ཉིད་སྟོང་པའི་ངང་ལས་གསལ་ཞིང་གོ་བྱུང་། ཁ་དོག་དཀར་པོ། ཕྱོགས་འབྱམས་ཡས་པས། འོད་འཁོར་དེ་ཡུམ་གྱི་ཐུགས་ལས་བརྟེན་ ...
མཛད་པ་པོ། སྐྱབས་སྟོན་རིན་ཆེན་འོད་ཟེར། སྐྱབས་སྟོན་ཁྲོ་འགྲེལ་ལས། "གསུམ་པ་སྨད་ཀྱི་མཁས་པ་མི་བཞི་ནི། ཞང་ཞུང་སྐྱེས་པའི་གནས་ཏེ། ན་ག་ལིའི་གྲོང་ཁྱེར་དུ་བཤད་ཅིང་། སྟོང་ནི་གྲངས་ཏེ་ཞང་བོད་ཀྱི་སྐད་དོད་མཐུན་ལ། རྒྱུང་ནི་གསས་ཡིན་པས་གསས་མཁར་སྟོང་བདག་ཟེར་སྲིད་པའམ། རྒྱུང་སྲུད་སྟོང་རྒྱུང་ལ་སོགས་སྟོད་ཀྱི་རྒྱུང་དགུའི་གནས་ལ་བཞུགས་པའི་མཚན་ཏེ། འདི་ལ་བྱང་གི་གཤེན་པོ་ཟེར་བ་དང་། ཁ་ཅིག་ནས་བཙོ་མེན་གྱེར་རྒྱུང་ཡང་ཟེར་རོ། །དེ་མན་ཆད་དུ་གྲུབ་རྟགས་གསུམ་གྱི་ནང་ནས་རྫུ་འཕྲུལ་གྱི་མཐུ་ཆེ་བའོ། ། སེ་བོན་རུས། དམུ་ཚ་ནི་ཡུམ་ངོས་ནས་བཏགས ...
མཛད་པ་པོ། སྟོན་པ་ཐུགས་རྗེ་ཅན། མདོ་གཟེར་མིག་འཁོར་སྤང་དགོན་པ་མཛད་པའི་ལེའུ་ལས། "དེ་ལྟར་སྟོང་ལ་ཡོངས་སུ་རྒྱ་མ་ཆད། དམ་པའི་དོན་དུ་ཡེ་ནས་སྟོང༌། ཀུན་རྫོབ་དངོས་སུ་མཚན་མར་སྣང༌། སྣང་སྟོང་གཉིས་ཀའི་དོན་ཚད་ནི། ཏིང་ངེ་འཛིན་གྱིས་གཟུངས་ཐེབས་ན། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཞེས་བྱ། ཏིང་ནི་མི་ཡེངས་པ་ཉིད་ཡིན། ངེ་ནི་མི་གཡོ་བ་ཉིད་ཡིན། འཛིན་ནི་གཟེར་ཐབས་མི་གཏོང་བ། དེ་ཡང་གཟུང་འཛིན་ཟིན་དང་གསུམ། ཚིག་དྲུག་བར་ན་ཀྱི་འབྲེལ་པའི། སྒྲ་ནི་དྲུག་པ་འབྲེལ་པའི་ཀྱི། དོན་ནི་སྐྱེས་བུ་བརྟུལ་ཤུགས་དོན། ཆིག་པུས་དགོན་པར་དེ་ལྟར་བསྒོམ། དེ་ནས་ཀུན་ཏ ...